རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Saturday, October 30, 2010
རྩོམ་རིག་གི་བརྗོད་བྱ་ལས་གནའ་དེང་གི་རྩོམ་རིག་གླེང་བ།
ཐོག་མའི་གཏམ།
དེ་རིང་ངས་འདིར་མཐོ་བ་དང་དམའ་བ། ཆེན་པོ་དང་ཆུང་ངུའི་དབྱེ་འབྱེད་མེད་པར་འདིར་འཛོམས་ཀྱི་ཆོས་གྲོགས་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་སྔོན་དུ་བཏང་བའི་སྒོ་ནས་བགྲོ་གླེང་རྩོམ་ཤོག་སྒྲོག་རྒྱང་བྱེད་ཀྱི་ཡིན།སྤྱིར་བཏང་ཕྲན་ན་མཚོན་ན་རང་ངོ་རང་གིས་མི་ཟིན་རྒྱུ་མེད།ཤེས་ཡོན་གྱིས་དབུལ་བའི་སྐྱེ་བོ་ཐ་མལ་བ་ཞིག་ཡིན།མི་མང་གི་དབུས་སུ་གཏམ་བཤད་འཐེན་རྒྱུ་ལབ་ན།རང་ངོ་ཚ་རྒྱུ་དང་གཞན་གད་མོ་འཆོར་རྒྱུ་ལས་མ་མཆིས། ཡིན་ནའང་། རང་ཉིད་རྩོམ་རིག་ལ་དུང་བ་ཟབ་པའི་རྐྱེན་གྱིས་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར།དྲ་རྒྱ་བཅས་སུ་རྩོམ་ཡིག་ཁག་ཅིག་སྤེལ་བ་ལས།འདི་ལྟ་བུའི་མི་མང་འཛོམས་ས་ནས་རྩོམ་རིག་སྐོར་གྱི་བགྲོ་གླེང་ཞེས་སྒྲོག་འཇོག་རྒྱུ་ཅིག་མེད་པ་ཤེས་གསལ་རེད།འོན་ཀྱང་རིག་གནས་འཆད་འཁྲིད་ཀྱི་དགེ་རྒན་ཆེན་མོ་དང་རྩོམ་རིག་ལ་བྱང་ཆུབ་མཁན་འགའ་རེས་ཁེངས་བསྐྱུངས་བྱེད་ཁུལ་བྱས།

ཁག་གཉིས་པ།
བོད་ཀྱི་ཡིག་ཐོག་རྩོམ་རིག་གི་འཕེལ་རིམ་གླེང་བ།
མདོར་ན་བོན་གྱི་དུས་སུ་གླུ་བ་སྒྲུང་བ།གཉེན་དང་གྱོད་བཤད་མཁན་མང་བ་དེ་དག་གི་ཁ་ན་སྙན་ངག་སྙན་མོ་རེ་ཡོད་ཚོད་རེད།དེའི་རྗེས་ཀྱི་དུས་རབས་ལ་སྙན་ངག་གཞུང་གི་འཆད་ཉན་དར་མ་དར་གྱི་གནས་སྐབས་སྔ་ཕྱི་གཉིས་ལས།སྔ་མ་དུས་རབས་བདུན་པའི་སྟོད་ལ་ཆོས་བསྒྱུར་མགོ་བརྩམས་པ་ནས་དུས་རབས་བཅུ་གསུམ་པའི་དཀྱིལ་སྟོད་སྙན་ངག་《མེ་ལོང་མ》་བསྒྱུར་བའི་བར་ལོ་དྲུག་བརྒྱ་ཙམ་གྱི་རིང་ལ་སྙན་ངག་གམ་གཞུང་ལུགས་འཆད་ཉན་མ་དར་ཞིང་།སངས་རྒྱས་ཆོས་ལུགས་བསྒྱུར་བ་ནས་སྙན་ངག་གི་སློབ་གསོ་ཐེབས་ཡོད་ཅེས་པ་བདེན་པ་འདྲ།སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་ཆོས་ལུགས་ཀྱི་སྙན་ངག་གྲགས་ཅན་སྐོར་ཞིག་དང་།རཱ་མ་ཎའི་གཏམ་རྒྱུད།སྤྲིན་གྱི་ཕོ་ཉ་སོགས་ཐུན་མོང་གི་སྙན་ངག་གྲགས་ཅན་འགའ་བོད་དུ་བསྒྱར་ནས་སྙན་ངག་གི་བསྟན་པ་དར།
   མཛེས་རྟོག་སྐྱེད་ཚུལ་ནི་ཀློག་པ་པོ་ལ་སྤྲོ་སྣང་སླེབས་སུ་བཅུགས་པའི་དོན་དང་།དེ་ནི་ཀློག་པ་པོ་ཚོའི་འདོད་པ་དང་བསྟུན་རྒྱུ་ཞིག་ལས་ངས་འདི་རེད་ཅེས་ཁ་ཚོན་བཅད་ནས་བཤད་རྒྱུ་ཞིག་མེད།ཀློག་པ་པོ་འགའ་རེ་བརྡ་རྙིང་དང་མངོན་བརྗོད་ཀྱིས་བཅིངས་པ་ལ་དགའ་བ་དང་།ཁག་ཅིག་གིས་དེ་ལས་ལྡོག་སྟེ་འདོད་པས་ན། གནའ་དེང་གི་རྩོམ་རིག་གི་མཛེས་རྟོག་སྐྱེད་ཚུལ་འདི་ཡིན་ཟེར་མཛུབ་མོ་བཀར་ས་གཏན་ནས་མེད།
དོན་གཉེར་ཅན་ཚོའི་ཧོར་གཙང་འཇིགས་མེད་ཀྱི་《ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུག》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》་ཀློག་ན་གསལ་བོར་ཤེས་ནུས།བོད་རང་ལ་མཚོན་ནས་ཞུས་ན།གནའ་བོའི་དུས་སུ་འཆད་རྩོད་རྩོམ་གསུམ་ལ་བྱང་ཆུབ་པའི་མཁས་པའི་དབང་བོ་གྲངས་ཀྱི་མི་ལོངས་པ་ཞིག་མཆིས་ཏེ།ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས་པའི་《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད》་ཅེས་པའི་ནང་དུ།བོད་རིགས་མི་དམངས་རྣམས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་མ་འོངས་པའི་འཚོ་བ་ལ་ཡིད་ཆེས་བརྟན་པོ་ཡོད་ཕྱིར་སྙིང་སྟོབས་དགུ་འགྱུར་གྱིས་མིའི་རིགས་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཤོག་དཀར་གྱི་སྟེང་དུ་གསར་གཏོད་དང་གསར་བསྐྲུན་གྱི་རང་བཞིན་ལྡན་པའི་དཔེ་རིས་ངོ་མཚར་ཞིང་བརྗིད་ཆགས་པ་ཞིག་བྲིས་ཡོད་པ་རེད།
བསམ་འཆར་བཤད་ན་གོང་གི་ཟིན་བྲིས་གཞན་དག་ཀློག་ནས་བཤད་རོགས། དེ་མིན་ཕྱོགས་མང་བོ་ཞིག་ནས་གོ་ནོར་ཐེབས་སྲིད།
སྤྱིར་བཏང་སྐད་ཆ་རིང་དྲགས་ནས་ཟིན་བྲིས་གཅིག་གཉིས་ཤིག་གི་ནང་དུ་ཤོངས་མ་སོང་བས་འདིར་ལྟར་ཁག་བཞི་ལ་བགོས་ཏེ་སྤེལ་བ་ཡིན། མཇུག་ཏུ་རང་ཉིད་ཀྱི་ལྟ་ཚུལ་ཁག་ཅིག་གླེང་ན། ། རྩོམ་རིག་ལབ་ན་ཚད་མཐོ་ས་ནས་གླེང་རཡོད་ཀྱང་།ཅུང་ཙམ་མར་བབ་ནས་གླེང་ན་སྐད་ཆ་ཡག་པོ་ཞིག་བཤད་པ་ལ་གོ་ནུས་ཏེ།ཨུ་སིའི་རྩོམ་རིག་ཀཱོར་ཅིས་གསུངས་དོན།“རྩོམ་རིག་གི་རྒྱུ་རྐྱེན་དང་པོ་ནི་སྐད་ཆ་རེད།སྐད་ཆ་ནི་རྩོམ་རིག་གི་ཡོ་བྱད་གཙོ་བོ་ཡིན་ལ།སྐད་ཆ་དང་ཕྱི་རོལ་དོན་དངོས་སྣ་ཚོགས།འཚོ་བའི་སྣང་ཚུལ་སོགས་ཕྱོགས་གཅིག་ཏུ་འདུས་ཏེ་རྩོམ་རིག་གི་རྒྱུ་ཆ་གྲུབ་པ་རེད”
Wednesday, October 20, 2010
༄༅།།  ལམ་ལབ་དུས་ཡོད་ཚད་ཀྱི་སེམས་ལ་ཏན་ཏན་མ་འདྲ་བ་རེ་འཆར་སྲིད།ངས་དེ་རིང་འབྲི་བཞིན་པའི་ལམ་འདི་ཐོག་མ་གང་ནས་བྱུང་རྩོད་མཁན་མེད་ཀྱང་། གལ་སྲིད་བརྩད་ན་རྩོད་རྙོག་ཆེ་བ་དང་གཅིག་མཐུན་གྱི་ལྟ་ཚུལ་ཡོང་མི་སྲིད། མ་གཞི་འཇིག་རྟེན་འདིར་མི་རྣམས་ཀྱིས་ལམ་ནོར་མི་ཉན། འཆུགས་མི་ཉན་ཟེར།
Saturday, October 16, 2010
   དེ་རིང་ནི་ཕྲན་ཕ་ཡུལ་དང་ཁ་གྱེས་ནས་བགྲང་བྱ་བཅུ་གཅིག་རེད། དེའི༷་རིང་ཕ་ཡུལ་གྱི་གཉེན་ཉེ་འབྲེལ་དང་རི་ཆུ་ནགས་གསུམ་དྲན་པའི་གདུང་བ་སེམས་ཀྱིས་མི་བཟོད་ཀྱང། སྟག་ཤར་ཞིག་གི་རང་ཚུགས་བཟུང་ནས་སྨན་ཆུང་བུ་མོ་ལྟར་མིག་ཆུ་གཏོང་མྱོང་མེད།

Friday, October 15, 2010
 ངས་རྒྱུན་རིང་བོ་ཞིག་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་ཞེས་པའི་མིང་ཚིག་འདིའི་དོན་ལ་བསམ་གཞིག་ཅིག་བཏང་བ་ཡིན་མོད། རང་ལ་ཤེས་ཡོན་དམན་དྲགས་པའི་རྐྱེན་གྱིས་འགྲེལ་བཤད་མཐའ་ཆོད་པ་ཞིག་མ་རྙེད།
སློབ་སྟོན་པ་ཟེར་བའི་དབང་འོག་ནས་ཐར་བའི་<<དུས་འགྱུར>>
     སྤྱིར་བཏང་བྱེས་ཀྱི་སྤྱི་ཚོགས་ནང་དུ་གཞུང་སྒེར་གྱི་དུས་དེབ་ཁ་གྲངས་མི་ལོན་པ་ཞིག་མཆིས་མོད།  འགའ་ཞིག་ཡོད་པ་ལས་མེད་ན་བཟང་སྟེ། རང་གི་སྐད་ཡིག་ལ་བརྡབ་གསིག་སྟེར་རྒྱུ་ལས་མི་འདུག  དཔེར་ན། ཡིག་ནོར་ཕྱོགས་ནས་བརྒྱ་ཆ་གཅིག་ཟིན་པ། རྩོམ་ཡོང་སྟངས་ཀྱི་ཆ་ནས་སྙན་ངག་ཐན་ཐུན་ཙམ། རྩོམ་པ་པོ་མང་ཆེ་བ་ཕ་ཡུལ་གཅིག་པ་དང་ངོ་ཤེས་ཡིན་པ། བྲིས་བྲིས་ཐམས་ཅད་ནང་དུ་འཁོད་རྐྱང་ཡིན་པ།  ད་དུང་དགོན་པ་རེ་དང་ཚོགས་པ་རེ་ལ་དུས་དེབ་དང་ཚགས་པར་རེ་ཡོད། ནང་གི་རྩོམ་ཀློག་དུས་བརྒྱ་ཆའི་སུམ་ཆ་གཉིས་བརྐུས་རྩོམ་ཡིན།
Thursday, October 14, 2010

 ཉེ་སྔོན་བདག་གིས་གྲྭ་ས་དང་དགོན་སྡེ་ཁག་ལ་ཤ་ཞེན་ཡོད་པའི་ཐོག་ནས་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱ་ནང་དུ་བཏང་བ་ཡིན།  དུས་བབ་ནས་གསར་འགོད་པ་འགའ་ཤས་ཀྱིས་དྲ་རྒྱ་གཞན་དུ་བཏང་འདུག་ལ། ཁ་བྱང་ལ་༼གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུའི་དན་རྟགས་ཤར་བ༽་ཞེས་བྲིིས་ཡོད།  དྲ་རྒྱ་དེ་དག་གི་ནང་དུ་མཁས་བླུན་དབྱེ་འབྱེད་མེད་པས་བསམ་འཆར་བྲིས་འདུག་ལ།  སྐྱ་སེར་གཉིས་ཀྱིས་མི་ཤེས་ཤེས་མདོག་བསྟན་ནས་མཆན་བཏབ་སོང་། ཕོ་མོ་ཁྱད་པར་མེད་པས་སྐད་ཆ་མགོ་མ་ཚོས་པ་མང་བོ་ལབ་འདུག དཔེར་ན།   ཀློག་མཁན་རེ་ཟུང་མ་གཏོགས་ཕལ་ཆེ་བས་གྲྭ་ས་གྲྭ་རྒྱུན་གྱི་སྟོང་སོང་ན་ཡག་པོ་རེད། མི་རིགས་ཡར་རྒྱས་དང་གོང་འཕེལ་འགྲོ་གི་རེད་ལ། གྲྭ་བའི་སྤུས་ཀ་ཇེ་གཙང་ཡིན་ནི་རེད་ལབ་འདུག  ད་དུང་འགའ་ཤས་ཀྱིས་༧གོང་ས་མཆོག་གིས་གྲྭ་པ་སྤུས་དག་དགོས་པ་རེད།  ཁ་གྲངས་ལ་མི་ལྟོས་དོན་གྲངས་ལ་ལྟོས་ཞེས་གསུངས་ཡོད་རེད་ཅེས་མཁས་ཉམས་དང་བཅས་རང་མཚང་ཕྱིར་བཏོན། 
Saturday, October 9, 2010
  དགའ་བ་བརྒྱ་ལྡན་གཞུང་དང་སྤྱི་ཚོགས་སྡེ།
ཆོལ་ཁ་ཆོས་ལུགས་སོགས་ཀྱི་མཐུན་ལམ་ལ།
གནོད་འགྱུར་དབྱེན་སྦྱོར་བརྗོད་ཚིག་རྩུབ་མོ་དག
ཟིན་བྲིས་རྭ་བ་འདིར་ན་བཀག་རྒྱ་ཡོད།
སྨྱུུག་མིང་མུན་པ་སྟུག་པོའི་གཏིང་རིམ་ནས།
ཕྱོགས་རིས་ཐན་སྐད་འབྱིན་པའི་འབྱུང་བྱ་དག
ལེགས་བཤད་འོད་ཀྱི་ཁེངས་པའི་དོ་ར་འདིར།
རྒྱུ་བའི་གནས་མིན་དེ་ཡང་ཤེས་པར་མཛོད།
Tuesday, October 5, 2010
ངས་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་ཁག་ཅིག་ཏུ་ཟིན་བྲིས་ཀྱི་ས་མིག་ཅིག་ཉར་ནས། རང་ཉིད་ཡར་རྒྱས་དང་མི་རིགས་ཀྱི་བདེ་སྡུག་རེ་གླེང་ཕྱིར། འབོལ་རྩོམ་དང་དཔྱད་རྩོམ་འདྲ་བོ། ད་དུང་སྒྲུང་དང་སྙན་ངག་སོགས་ཉིས་བརྒྱ་ལྷག་ཅིག་འབྲི་ཁུལ་བྱསཔ་ཡིན།  སེམས་ནང་གི་སྐད་ཆ་དེ་མ་གསང་མ་སྦས་བར་དྲང་ཐད་ནས་ཕལ་ཆེར་བྲིས་ཡོད་སྙམ། དེ་ནི་རང་ཉིད་ལ་མཚོན་ན་འགན་འཁྲི་ཞིག་འཁུར་ཡོད་པའི་རྟགས་ཤིག་ཏུ་ངོས་འཛིན་བྱས་ཡོད། དེ་མིན་ངས་ཀྱང་འགའ་ཞིག་ལྟར་རང་གི་དངོས་མིང་སྦས་ནས་ཟིན་བྲིས་སྤེལ་མ་ཤེས་པ་མ་རེད།  

༄༅། །གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཁྲིམས་བདག་དགེ་བསྐོས་རྣམ་གཉིས་གཙོའི་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སྐད་བསྒྱུར་སྡེ་ཚན་ཞིག་དགོས་པར་ཐག་བཅད་པ་ཙམ་མིན་པར། དངོས་སུ་ལག་ལེན་དུ་བསྟར་ཏེ་ད་ལྟ་འགྲོ་བཞིན་པ་རེད།  དེ་ཡང་སྐད་བསྒྱུར་སྡེ་ཚན་ལ་དབྱིན་ཅི་འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཐོན་པའི་ལག་ཁྱེར་ཡོད་མཁན་དང་། གཞན་ལག་ཁྱེར་མེད་ཀྱང་དབྱིན་ཅི་ཡག་པོ་ཡོད་པ་ལ་རྣམས་ལ་རྒྱུགས་སྤྲོད་ཀྱི་ཆ་ཤས་ལེན་བཅུགས་འདུག 
Monday, October 4, 2010
གྲྭ་རྐྱང་ངའི་ཚོགས་ཕོར་གཅོག་ཨེ་ཐུབ་བལྟས་སོང་
བདག་གི་ཟིན་བྲིས་སྤྱི་ཚོགས་སྐྱོན་བརྗོད། རྣག་ཐོག་ཁབ་གཙགསཞེས་པའི་ནང་དུ་༢༠༠༩་ལོར་སྤེལ་བའི་༼འབྲིང་རིམ་སློབ་གྲྭ་དང་ཡིག་རྨོངས་དགེ་རྒན་ཚོ༽་ཉེ་ཆར་ལྗང་རླུང་ཚགས་པརསྟེང་བཀོད་ཡོད་ཀྱང་། ཕྲན་གྱི་མིང་རྩོམ་སྒྲིག་པས་ཚགས་པར་སྒྲིག་སྦྱོར་བར་ནས་ཚགས་པར་སྟེང་འགོད་རྒྱུ་ལྷག་འདུག  ཟིན་ཐོ་དེ་དྲ་རྒྱ་བརྒྱུད་དེ་ཚགས་པར་སྟེང་སླེབས་ཤིང་། སྤྱི་ཚོགས་ནང་དུ་གདེང་འཇོག་ཚད་མེད་གནང་མཁན་དང་ངོ་རྒོལ་བྱེད་མཁན་ཁག་གཉིས་བྱུང་ཡོད་པ་རེད། དེ་ཡང་༢༠༡༠་ལོའི་ཟླ་༠༧་བའི་ཚེས་༠༥་ཉིན་ཕྲན་གྲྭ་ཚང་གི་ལས་ཀ་ལ་སོང་ཡིན། དགོང་མོ་ལྗང་རླུང་ཚགས་པརགྱི་སྤྱི་ཁྱབ་རྩོམ་སྒྲིག་པས་ཕྲན་ལ་ཁ་པར་སླེབས་ཏེ་ཁྱེད་ཀྱི་རྩོམ་ཡིག་དེའི་སྐོར་ལ་རྙོག་དྲ་ཞིག་བྱུང་ཡོད་པ་རེད།
སྤྱིར་བཏང་ནང་པ་ལབ་ན་ཧ་ཅང་དཀའ་བའི་གནས་ཤིག་རེད། ཁྱོད་རང་གི་ཕ་མ་ནང་པ་ཡིན་
འི་རྒྱུ་མཚན་གྱིས་ཁྱོད་རང་ནང་པ་ཡིན་པར་སྒྲུབ་མི་ཐུབ། ཁྱོད་རང་གིས་སྐྱབས་འགྲོ་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་དགོས། སྐྱབས་འགྲོ་ཟེར་ན་འཇིགས་སྐྲག་ཅིག་སྐྱེས་པ་ཙམ་གྱིས་མི་ཆོག་པར་འཇིགས་སྐྲག་དེ་ལས་སྐྱོབ་མཁན་དང་སྐྱོབ་མཁན་དེ་ལས་གཞན་ལ་ནུས་པ་དེ་མེད་པ་ཤེས་དགོས། འདི་ནི་ནང་པ་རང་གི་སྒྲིག་འཛུགས་ལྟ་བུའི་བཅའ་ཁྲིམས་རེད་མ་གཏོགས་གཞན་གྱིས་ཁས་ལེན་མི་སྲིད། ནང་པ་ཚོས་ནང་པ་ཡིན་མིན་འདིའི་སྟེང་ནས་འབྱེད་རྒྱུ་ལས་ཐབས་གཞན་མེད།

དྲ་རྒྱའི་བརྒྱུད་ལམ་དེད་ནས་འགྲོ་དུས་སུ།།  ལམ་ཁ་བདེ་གཟར་མང་བོ་ཕྲད་ན་ཡང་།།
དཀའ་ངལ་ལྕི་མོ་ཞིག་གི་འཆར་སྣང་མེད།།  བློས་ཐུབ་གྲོགས་དང་མཐུན་ན་འགྲིག་འདུག་སྙམ།།

 
དེ་རིང་ནི༢༠༡༠/༠༧/༠༢་རེད། འགྲོ་ཞོར་ཞིག་ཏུ་དུས་བབ་དྲ་ཚིགས་ཀྱི་སྒོ་ཕྱེ་སྟེ་གསར་འགྱུར་ཅི་ཡོད་དང་མི་སྒེར་བ་ཚོའི་ཟིན་བྲིས་སུ་ཅི་ཞིག་སྤེལ་ཡོད་མེད་ལ་མིག་བཤེར་ཐེངས་ཤིག་བྱས་པ་ཡིན། ཟིན་བྲིས་གསར་ཤོས་ནང་དུ་དྲ་གྲོགས་ཕུན་ཚོགས་ཀྱིས་ཡ་ང་བའི་གནས་སྟངས་སྐྱོ་བོ་ཞིག་བྲིས་འདུག 
ཚོགས་ཆུང་ཁག་ཅིག་གིས་འདི་ལྟརདུས་ཚོད་འཕྲོ་བརླག་ཏུ་བཏང༌།
སྤྱིར་བཏང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འདིར་ཕྱོགས་མཐའ་མང་བོ་ནས་གཞུང་སྒེར་གཉིས་ཀྱི་མི་སྣ་འཛོམས་ཡོད་ལ།  ཕྱི་ཚེས་ ༢༦་ ཉིན་སྦེལ་ཀོབ་བདེ་སླར་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་གསུང་བཤད་གནང༌། དེའི་རྗེས་བཀའ་ཁྲིས་ཞིབ་ཕྲའི་སྒོ་ནས་བཀའ་གསུང་སྒྲོག་རྒྱང་གནང་བྱུང༌།  དེ་ནས་དོན་ཚན་དྲུག་གི་སྟེང་ལ་ཚོགས་ཆུང་བགོས་ནས་བགྲོ་གླེང་བྱེད་ཀྱིན་འདུག་ལ།  སྐབས་འདིའི་ཡོངས་གྲགས་ཀྱི་གནས་ཚུལ་ཁག་གསར་འགོད་པ་མང་བོས་བསྒྲགས་ཟིན་པ་ལྟར་ཡིན་པས་བསྐྱར་ཟློས་བྱས་ནས་ཅི་ཕན།