རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

snws2010@hotmail.com
Tuesday, October 5, 2010
ངས་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་ཁག་ཅིག་ཏུ་ཟིན་བྲིས་ཀྱི་ས་མིག་ཅིག་ཉར་ནས། རང་ཉིད་ཡར་རྒྱས་དང་མི་རིགས་ཀྱི་བདེ་སྡུག་རེ་གླེང་ཕྱིར། འབོལ་རྩོམ་དང་དཔྱད་རྩོམ་འདྲ་བོ། ད་དུང་སྒྲུང་དང་སྙན་ངག་སོགས་ཉིས་བརྒྱ་ལྷག་ཅིག་འབྲི་ཁུལ་བྱས ་པ་ཡིན། སེམས་ནང་གི་སྐད་ཆ་དེ་མ་གསང་མ་སྦས་བར་དྲང་ཐད་ནས་ཕལ་ཆེར་བྲིས་ཡོད་སྙམ། དེ་ནི་རང་ཉིད་ལ་མཚོན་ན་འགན་འཁྲི་ཞིག་འཁུར་ཡོད་པའི་རྟགས་ཤིག་ཏུ་ངོས་འཛིན་བྱས་ཡོད། དེ་མིན་ངས་ཀྱང་འགའ་ཞིག་ལྟར་རང་གི་དངོས་མིང་སྦས་ནས་ཟིན་བྲིས་སྤེ ལ་མ་ཤེས་པ་མ་རེད།
གཙོ་བོ་ལོ་གཅིག་རིང་གི་ ཟིན་བྲིས་སྤེལ་སྟངས་ཐད་ཀྱི་སྐྱོན་ཆ་དང་ལེགས་ཆ་གཉིས་གཤིབ་བསྡུར་བྱེད་དགོས་པ་གལ་ཆེ་བར་མཐོང་། ལྷག་པར་དུ་ཁ་སང་དེ་རིང་ངས་སྤྱི་ཚོགས་སྐྱོན་བརྗོད་ཀྱི་ཟིན་བྲིས་འགའ་སྤེལ་རྗེས་ཀྱི་གཏམ་དེ་དག་རྣ་བས་ཐོས་མ་ཐག་རང་ཉིད་ལ་བརྟགས་དཔྱད་ཅིག་འཐེན་དགོས་པ་སྙམ ། དེ་རིང་ནས་བཟུང་ཟིན་བྲིས་སྤེལ་ན་ཡག་ག་མ་སྤེལ་ན་ཡག་གི་འདམ་ང་བྱས་པ་ཡིན། དེ་དུས་རང་ཉིད་ཀྱིས་རང་སྐྱོན་མི་ཤེས་ཀི། དེ་ནས་ཐབས་ལམ་ཞིག་གློ་བུར་དུ་ཡིད་ལ་དྲན་བྱུང་། བོད་ཕྱི་ནང་གི་ཟིན་བྲིས་སུ་རང་ཉིད་ཀྱི་བྲིས་པ་དག་བཀླགས་པ་ཡིན། དེ་ནས་རང་ཉིད་ཀྱི་ཟིན་བྲིས་དག་ལ་རྩོམ་པ་པོ་རྣམས་ཀྱིས་མཆན་བཏབ་པ་དེ་ཚོ་ལ་ཞིབ་འཇུག་བྱས་པ་ཡིན། བརྒྱུད་རིམ་དེའི་ཁྲོད་ནས་ཡག་བཙོག་ཟུང་འབྲེལ་ཞིག་རྙེད་བྱུང་། དང་པོ་ཕྲན་གྱིས་ཟིན་བྲིས་སྤེལ་བ་དག་ལ་རིན་ཐང་མེད་པ་མ་ཟད་ཡིག་ནོར་དང་ལུང་སྐད་དམ་ཁ་སྐད་ཤིན་ཏུ་མང་གི དེ་དུས་དྲ་གྲོགས་མང་བོ་ཞིག་གིས་སྐྱོན་བརྗོད་དམ་ལམ་སྟོན་གནང་འདུག བར་ལམ་ཞིག་ནས་ཅུང་ཙམ་ཡག་རུ་ཕྱིན་འདུག་ལ་དྲ་གྲོགས་ཚོས་ཀྱང་ཨ་རིག་དགེ་མཐོང་ཡར་རྒྱས་འགྲོ་འདུག་ཅེས་མཆན་བཏབ་པ་མང་གི དེའི་རྗེས་སུ་དྲ་གྲོགས་འགའ་རེས་དུས་བབ་ཚང་གི་ཟིན་བྲིས་པ་རྩེད་ཕུད་བཅུ་བདམས་ཡོད་ཅེས་ཟིན་བྲིས་རེ་སྤེལ་བ་རེད། དེ་དུས་ཕྲན་ཡང་དེའི་ནང་དུ་བདམས་མཁན་འགའ་རེ་ཡོད་ཁུ། བར་ལམ་ཞིག་ནས་ཨ་རིག་དགེ་མཐོང་གསོད་ རྒྱུ་ཡིན་ཟེར་ནས ་དྲ་རྒྱ་ཁག་ཏུ་འབྲི་མཁན་ཡང་ཡོད་ཁུ། དེ་ཚོ་ལ་འཇིགས་སྣང་སྐྱེས་དགོས་པ་ཞིག་མ་རེད་སྙམ། འོན་ཀྱང་རང་ཉིད་རྩོམ་རིག་ཀྱི་ལམ་ཁུར་ཞུགས་དུས་ཀྱི་དཀའ་ཁག་གི་བརྒྱུད་རིམ་ཡིན་པས་གླེང་འོས་པར་མཐོང་། དེས་ན་མི་སུ་ཡིན་ན་ཡང་རང་ཉིད་དགའ་ས་དེའི་ཕྱོགས་སུ་འབད་བརྩོན་བྱས་ན་གྲུབ་འབྲས་ནི་མིག་མཐོང་ལག་ཟིན་རེད། ཕྲན་རྩོམ་རིག་ལ་དགའ་ཞིང་རྩོམ་པ་པོ་ཚོ་ལ་དུང་། དེའི་ཕྱིར་ངས་སྤྱི་ཚོགས་ཀྱི་ཁ་དུག་ལ་མ་འཛེམ་ནས་དུས་དེབ་དང་ཚགས་པར། བོད་ཕྱི་ནང་གི་དྲ་རྒྱ་ཁག་ཏུ་ཟིན་བྲིས་ཟེར་བའི་མིང་ཆེན་ཞིག་གི་འོག་ནས། དོན་མེད་ཀྱིས་རྙོག་གཏམ་གང་མང་ཞིག་སྤེལ་བ་ཡིན། དེ་དག་ལ་རྒྱ་ཆེའི་བོད་ཕྱི་ནང་གི་ཀློག་པ་མང་བོ་ཞིག་གིས་དགའ་བསུ་ཐོབ་པ་རེད། དེ་ལ་བརྟེན་ནས་རང་ཉིད་ཀྱང་ཉིན་མཚན་མེད་པར་འདིའི་ཕྱོགས་སུ་འབད་པ་རེད། འབད་པའི་འབྲས་བུ་ལབ་ན་གནས་སྐབས་འདི་རེད་ཅེས་ཁྱེད་ཅག་ལ་སྟོན་རྒྱུ་ཞིག་ཡོད་པ་ནི། སུམ་རྟགས་དག་གསུམ་མི་ཤེས་པའི་གླེན་པ་ཞིག་གིས། བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར། དྲ་ཚིགས་བཅས་སུ་རང་སེམས་ཀྱི་ཚོར་བ་དག་ཅུང་ཙམ་འབྲི་ཐུབ་པ་དེ་རེད། འདི་དག་ནི་ངས་ལབ་བརྒྱབ་པ་མིན་པར་དཔང་རྟགས་དང་བཅས་སྟོན་རྒྱུ་ཡོད་ལ་ཀློག་རྒྱུ་ཡང་ཡོད། འོན་ཀྱང་ཕྲན་ལ་དགའ་བསུ་ཞུ་མཁན་དང་ཕྲན་གྱི་རྩོམ་ཉོག་
གཙོ་