རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Saturday, October 30, 2010
བསམ་འཆར་བཤད་ན་གོང་གི་ཟིན་བྲིས་གཞན་དག་ཀློག་ནས་བཤད་རོགས། དེ་མིན་ཕྱོགས་མང་བོ་ཞིག་ནས་གོ་ནོར་ཐེབས་སྲིད།
སྤྱིར་བཏང་སྐད་ཆ་རིང་དྲགས་ནས་ཟིན་བྲིས་གཅིག་གཉིས་ཤིག་གི་ནང་དུ་ཤོངས་མ་སོང་བས་འདིར་ལྟར་ཁག་བཞི་ལ་བགོས་ཏེ་སྤེལ་བ་ཡིན། མཇུག་ཏུ་རང་ཉིད་ཀྱི་ལྟ་ཚུལ་ཁག་ཅིག་གླེང་ན། ། རྩོམ་རིག་ལབ་ན་ཚད་མཐོ་ས་ནས་གླེང་རཡོད་ཀྱང་།ཅུང་ཙམ་མར་བབ་ནས་གླེང་ན་སྐད་ཆ་ཡག་པོ་ཞིག་བཤད་པ་ལ་གོ་ནུས་ཏེ།ཨུ་སིའི་རྩོམ་རིག་ཀཱོར་ཅིས་གསུངས་དོན།“རྩོམ་རིག་གི་རྒྱུ་རྐྱེན་དང་པོ་ནི་སྐད་ཆ་རེད།སྐད་ཆ་ནི་རྩོམ་རིག་གི་ཡོ་བྱད་གཙོ་བོ་ཡིན་ལ།སྐད་ཆ་དང་ཕྱི་རོལ་དོན་དངོས་སྣ་ཚོགས།འཚོ་བའི་སྣང་ཚུལ་སོགས་ཕྱོགས་གཅིག་ཏུ་འདུས་ཏེ་རྩོམ་རིག་གི་རྒྱུ་ཆ་གྲུབ་པ་རེད”
《ན་གཞོན་རྩོམ་མཁན་དང་གླེང་མོལ་བྱས་པ》་《རྩོམ་རིག་གླེང་བ》་ཤོག་ངོས་332 ་་ཅེས་)ཅེས་གསུངས་པ་ལྟར། རྩོམ་རིག་གང་དང་གང་ཡིན་ཡང་། དེ་མཚོན་བྱེད་ཀྱི་སྐད་ཆ་མེད་ན་རྩོམ་རིག་ཡོད་མི་སྲིད་ལ། སྐད་ཆའི་རྩིག་པའི་ཕུང་བོ་བརྩེགས་པ་ལ་བརྟེན་ནས།རྩོམ་རིག་གི་གཞལ་ཡས་ཁང་བཟང་བསྐྲུན་པ་རེད།ཡིན་ནའང་རྩོམ་རིག་གི་སྐད་ཆ་དེ་སྔར་ལས་ལྷག་པར་ཡིད་སེམས་འགུགས་པ་དང་གསོན་ཉམས་ལྡན་པར་འགྱུར་སླད།རྩོམ་མཁན་རང་ཉིད་ཀྱི་རིག་པའི་རྩལ་ལ་བརྟེན་ནས་ལས་སྣོན་དང་འདམ་གསེས་གང་འཚམ་བྱས་ཡོད་ལ།རྩོམ་མཁན་གྱིས་ལས་སྣོན་དང་འདམ་གསེས་བྱེད་པའི་གོ་རིམ་ཁྲོད།ད་གཟོད་རང་རང་གི་ཐུན་མོང་མ་ཡིན་པའི་རྩོམ་འབྲིའི་ལག་རྩལ་དང་སྐད་ཆའི་སྒྱུ་རྩལ་མངོན།ཞེས་ཤ་བོ་ཚེ་རིང་གིས་བྲིས་འདུག་ན།ང་ཚོ་ལ་རྩོམ་རིག་ཕྱོགས་ནས་ལམ་སྟོན་ལྟ་བུའི་ཚིག་ཅིག་ཏུ་མཐོང་གི་འདུགསྤྱིར་བཏང་གནའ་བོའི་ངག་ཐོག་རྩོམ་རིག་དང་དེང་གི་ཡིག་ཐོག་རྩོམ་རིག་ཅེས་འབོད་པ་ལས།གནའ་བོའི་ངག་ཐོག་རྩོམ་རིག་ཉེ་རབས་རྩོམ་རིག་དར་འགོ་ཚུགས་པ་ནས་རྒུད་འགོ་བརྩམས་ཡོད།དེ་ནས་དེང་རབས་རྩོམ་རིག་དབུ་བརྙེས་པ་ནས་རིམ་གྱིས་ངག་ཐོག་རྩོམ་རིག་གི་དབུགས་རྔ་ཆད་འགྲོ་ཁད་བྱེད་མྱོང་།ལོ་ཚིགས་ཀྱི་དབང་དུ་བྱས་ན་1958་ཡས་མས་སུ་རྒུད་འགོ་བརྩམས་པ་དང་1981་ནས་2000་བར་དུ་ཕལ་ཆེར་ཆད་ལ་ཁད་བྱས་ཡོད།གལ་སྲིད་དེ་ཆད་ཡོད་ན་བོད་ལ་རྩོམ་རིག་ཕྱོགས་ནས་ཅུང་རྒུད་ཐེབས་ཡོད་མེད་ངས་མི་གླེང་།དེ་ནས་2010་བར་དུ་སླར་ཡང་ངག་ཐོག་རྩོམ་དང་ངོ་བོ་དང་བྱེད་ལས་མཚུངས་པའི་ཡིག་ཐོག་རྩོམ་རིག་དར་འགོ་བརྩམས་བྱུང་།དེ་ནི་མངོན་བརྗོད་དང་བརྡ་རྙིང་གྱིས་མ་བཅིངས་པའི་ཁ་སྐད་དང་གོ་བདེའི་ལམ་ནས་བྲིས་པ་ལ་ཟེར།དོན་དངོས་སུ་《མེ་ལོང་མ》་བོད་བསྒྱུར་བྱས་པ་ནས་དུས་རབས་མང་བོ་ཞིག་གི་ནང་དུ་བོད་ཀྱི་རྩོམ་རིག་ལ་རྒྱ་གར་ཤར་ནུབ་ཀྱི་རྩོམ་རིག་གིས་ཤན་ཞུགས་ལབ་ན་མི་བདེ་ཡང་།བོད་ཀྱི་རྩོམ་རིག་ལ་རྒྱ་གར་ཤར་ནུབ་ཀྱི་རྩོམ་རིག་གི་མངར་སྐྱུར་བླུད་ཡོད་པ་གསལ་བོ་རེད།དེ་ནས་དེང་རབས་རྩོམ་རིག་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་ནས་ནུབ་ཕྱོགས་ཨ་རི་དང་ཡུ་རོབ་ཁག་དང་རྒྱ་ནག་གི་རྩོམ་རིག་གིས་ཤན་ཞུགས་ཟེར་འདོད་མ་མཆིས་ཀྱང་།རྩོམ་འབྲི་ཚོའི་དགའ་མོས་ལྟར་བོད་ཀྱི་རྩོམ་རིག་གི་ནང་དུ་དེ་ཚོའི་རྩོམ་རིག་གི་མངར་སྐྱུར་བླུད་རྒྱུ་མང་དྲགས་པའི་ཚོད་རེད།ལྟ་ཚུལ་འདི་གཉིས་ཀྱིས་བར་ནས་དེང་སང་སྐྱ་སེར་གཉིས་ཀྱི་བར་དུ་རྩོམ་རིག་ཕྱོགས་ནས་རྩོད་རྙོག་ཅིག་དང་།སྲོལ་རྒྱུན་སྲོག་ལྟར་འཛིན་པའི་དགེ་རྒན་དང་རྩོམ་པ་པོ།དེ་ལས་སྲོལ་རྒྱུན་རྩ་མེད་གཏོང་བར་འདོད་པའི་མི་རབས་ཁག་གིས་སྙུག་རྩེ་ནས་གསོད་རེས་དང་འཐབ་རེས་བྱས་ཡོད།ཕན་ཚུན་གྱི་སེམས་ལ་དོན་མེད་དུ་རྣག་ཐུམ་ཆུང་ཆུང་རེ་ཉར་ཡོད་ཚོད་ཡིན།ངས་བལྟས་ན་དེ་ལྟར་བྱེད་དགོས་དོན་མ་མཆིས་ཏེ།རྒྱ་གར་རྩོམ་རིག་གི་ནང་ནས་ཚིག་རྒྱན་བླངས་ཏེ་རྩོམ་བྲིས་ན་དེ་ནི་རྒྱན་ཆ་ཞིག་ལས་ཁོང་ཁྲོ་ཟ་དོན་མེད་ཁུ།ཡང་ཨ་རི་དང་ཡོ་རོབ་རྒྱ་ནག་བཅས་ཀྱི་ཚིག་རྒྱན་དང་ལེགས་ཆ་བླངས་ན་དེ་ལ་སྡང་སེམས་སྐྱེས་ནས་ཅིས་ཕན།དེ་ནི་རྩོམ་པ་པོ་ལ་དགོས་པའི་རིགས་རེད།འོན་ཀྱང་ཕྲན་ལ་མཚོན་ན་མི་དགའ་ས་ནི།《མེ་ལོང་མ》འི་དབང་དུ་བྱས་ཏེ་མངོན་བརྗོད་དང་བརྡ་རྙིང་བེད་སྤྱོད་བཏང་བ་མང་དྲགས་ནས་བརྗོད་བྱ་ཅི་ཡིན་ཀློག་པ་པོ་དག་གིས་མི་གོ་བ་དང་།དེང་རབས་རྩོམ་རིག་ཡིན་ཟེར་ནས་ཁོག་ལ་གང་ཤར་དང་ལག་ཏུ་ཅི་ཡོང་ཚང་མ་ཕྱོགས་གཅིག་ཏུ་སྤུངས་ནས་ཀློག་པ་པོ་མ་དགོས་འབྲི་བ་བོ་རང་ཉིད་ཀྱིས་ཀྱང་མི་ཤེས་པ་དང་མི་གོ་བ་དེ་ཚོ་ལ་གཏན་ནས་མི་དགའ།ཁ་སྐད་དང་བརྡ་རྙིང་གཉིས་མི་འདྲ།བརྡ་རྙིང་ནི་དུས་ཚིགས་མང་བོ་འདས་ནས་མི་གོ་ཡང་།ཁ་སྐད་ནི་སྐབས་ཐོག་དེའི་མིའི་སྐད་ཆ་ཡིན་པས་སྐབས་དེའི་མི་ཚོས་གོ་ནུས་པའི་ཁྱད་ཆོས་ལྡན།ཕྲན་གྱིས་རྨོངས་བློར་འཆར་ཚུལ་ལྟར་ན།དེང་རབས་རྩོམ་རིག་ཡང་དག་ཅིག་འབྲི་བ་ལ་ངེས་པར་སྲོལ་རྒྱུན་རྩོམ་རིག་གི་རྨང་གཞི་བརྟན་མོ་ཞིག་དང་སུམ་རྟགས་གསུམ་གྱི་ཕྱོགས་ནས་སྐལ་ཆད་མེད་པ་དགོས་པར་འདོད།དེང་སང་དེང་རབས་རྩོམ་རིག་འབྲོག་པའི་ཟོག་རྫི་དང་ལུག་རྫི་ཚོས་ཀྱང་འབྲི་ལ།མཐའ་ན་གྲྭ་བཙུན་སུམ་རྟགས་དག་གསུམ་རྣ་བས་ཐོས་མྱོང་མེད་མཁན་དག་གིས་ཀྱང་འབྲི།གལ་སྲིད་དེ་ལ་རྩོམ་སྒྲིག་པ་དང་བསམ་བློ་པ་རེས་སྐྱོན་བརྗོད་བྱས་ན་དེང་རབས་རྩོམ་རིག་ལ་ངོས་བཟུང་མེད་ཅེས་སྐད་གཟེངས་མཐོའི་སྒོ་ནས་སྤོབས་པ་དང་བཅས་ལབ་ངེས་རེད།དེར་མ་ཟད་ཅིག་ཅིག་ཉིག་ཉིག་གི་རྩོམ་ཡག་གི་རེད།དཔེར་ན་《ལྗང་བུའི་ལྷུག་རྩོམ་གཅེས་བཏུས》་དང་ཨ་ཁུ་སྨན་བླའི་《བྲག་རིའི་སྲས་མོ》་ལྟ་བུ་བགྲང་ཡང་ཡག་རྟགས་བཤད་མི་ཤེས།དེ་ནི་ཁྱེད་ཀྱི་ལྟ་བ་ཡིན་པས་ང་ཁྱི་ཁ་ཚིམས་ཟེར་ན་ཆོག་མོད།ཁྱེད་ཀྱིས་རང་ཉིད་ལ་འགོར་བསྐོར་བཏང་ནས་ཅི་ཕན་བསམ་ཡིན།ཡང་ཧ་ཅང་ཁ་སྐད་འབྲོག་པའི་ཁ་བརྡ་ལྟ་བུ་བེད་སྤྱད་ནས་བྲིས་ན་རྩོམ་རིག་དེ་ལ་རིན་ཐང་མི་འདུགརྩོམ་རིག་ཟེར་ན་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་མ་སྦྱངས་མ་བསླབ་པར་ཤེས་ན་རིན་ཐང་ཅི་ཡོད།དེ་གཉིས་ཀྱི་མཐར་མ་ལྷུང་བ་ཞིག་དགོས་སོ།།ཡང་བརྡ་འཕྲིན་བརྒྱུད་ལམ་དར་བའི་སྐབས་ཀྱི་རྩོམ་རིག་གི་ཁ་ཕྱོགས་ཅུང་ཙམ་ཞུས་ན་བསམ་བྱུང་།དེང་སང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཚོ་ལ་རྩོམ་རིག་གི་ཞིང་ས་ཆེན་པོ་ཞིག་ཡོད་པ་དྲ་རྒྱའི་ནང་གི་ཟིན་བྲིས་རེད།ད་སྐབས་ཕལ་ཆེར་སྒེར་ཉར་དྲ་རྒྱ་ཅན་གྱི་རྩོམ་པ་པོ་དང་ཚོགས་སྡེ་མང་ལ།དགོན་པ་དང་ཚོགས་པ་ཞིག་ཡིན་ན་ཁྱབ་བསྒྲགས་ཤིག་གི་ཆེད་དུ་ཉར་ཡོད་ཚོད་ཡིན།སྔོན་མ་རྩོམ་རེ་བྲིས་ན་འགོད་སའི་དུས་དེབ་དང་ཚགས་པར་དཀོན།དེང་སང་ཅིག་བྲིས་ནས་རྗེས་སུ་འགྲིག་མི་འགྲིག་ལྟ་མཁན་མི་དགོས་པར་རང་ཉིད་ཀྱི་ཟིན་བྲིས་སུ་འགོད་ཆོག་ལ།བཀོད་རྗེས་ཤར་ནུབ་ཀྱི་རྒྱལ་ཁབ་གང་ཞིག་ན་དོན་གཉེར་ཅན་ཞིག་མཆིས་ཚེ་དེའི་ཀློག་ཐུབ།མྱུར་ཚད་ཀྱི་ཆ་ནས་དེ་འདྲའི་ཡ་མཚན་རེད།ཡ་མཚན་དེ་ལས་ཡ་མཚན་མང་བོ་མཐོང་ཡོང་།དེ་ནི་བོད་ཡིག་གི་རྩོམ་མ་དགོས་བོད་ཡིག་སྦྱོར་ཀློག་ཤེས་མ་ཤེས་ཀྱི་ས་མཚམས་ནས་ཟིན་བྲིས་སྤེལ།རྩོམ་བྲིས།དེ་ཕྱི་ནང་གི་བོད་རིགས་ཀུན་གྱིས་མིག་ལམ་དུ་སྐད་ཅིག་མ་གཅིག་ལ་བརྒྱུགས་འགྲོ།དེ་ནས་ཁྱེད་ཀྱི་ཤེས་ཡོན་ཐད་ཀར་མིག་ལམ་དུ་འཆར་སྲིད།བརྡ་འཕྲིན་ཁྱབ་དར་ཕྱིན་ནས་རྩོམ་ཡིག་རྒུད་བྱེད་ཀྱི་རྒྱུ་རྐྱེན་གཅིག་ལག་ཏུ་ལྷུང་བ་ལྟ་བུར་གྱུར།དེ་ནི་རྩོམ་སྒྲིག་པ་མེད་པ་དང་ཚོད་འཛིན་མི་དགོས་པར་ཡི་གེ་ཞིག་བྲིས་ནས་རྩོམ་ཞེས་རང་གི་ཟིན་བྲིས་སུ་སྤེལ་ཤེས་ན་ཆོག་པ་རེད།དེས་བོད་ཀྱི་སྐད་ཡིག་ལ་བརྡབས་སིག་སྟེར་བ་དང་བོད་ཀྱི་རྩོམ་རིག་ལ་བཤད་མ་དགོས་པ་རེད།ཡིན་ནའང་།དྲ་རྒྱུ་ཇེ་མང་དུ་ཕྱིན་པས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཕྱོགས་གཅིག་ནས་ཇེ་རིང་དུ་ཕྱིན་ཡོད།བོད་ཡིག་ལ་བེད་སྤྱོད་མེད་པ་ལྟ་བུ་ཞིག་ནས་གློ་བུར་དུ་ལས་ཀ་མང་བོ་ཞིག་སྒྲུབ་པས་སྙུག་གུ་ས་ལ་གཡུགས་མཁན་དག་གིས་སླར་ཡང་འཛིན་དགོས་ཐུག་ཡོད།ཀ་ཁ་མི་ཤེས་པའི་ཨ་ཁུ་འབྲོག་པ་དག་གིས་ཀྱང་འུར་ཆ་ས་ལ་གཡུགས་ཏེ་དྲ་རྒྱ་ནས་པར་དང་ཁ་བརྡ་བྱེད་རྒྱུའི་ཕྱོགས་སུ་འབད་བཞིན་ཡོད།འདི་ལྟར་བསམ་ན་དྲ་རྒྱའི་དགེ་མཚན་ཆེ་དྲགས་འདུགད་དུང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་ཁག་ཅིག་གི་ཕྱག་རྩོམ་ལ་མཇལ་རྒྱུ་བྱུང་བ་ནི་དགའ་འོས་པ་རེད།བོད་ནང་ལྟ་བུར་མཚོན་ནས་ཞུས་ན་ཟིན་བྲིས་སྤེལ་མཁན་ལ་སློབ་མ་དང་གྲྭ་བཙུན།དགེ་རྒན་དང་རྩོམ་པ་པོ།མཁས་པ་དང་བླུན་པོ་བཅས་དྲ་ཚིགས་སུ་ཐོན་ཡོད།དེ་ནས་ཤེས་བྱ་མང་བོ་ཞིག་རིན་མེད་དུ་ལེན་ཆོག་ལ།དེ་ནས་སེམས་ཤུགས་གང་མང་ཞིག་ཆགས་དགོས་ཀྱང་ཐུགདྲ་རྒྱ་དར་ནས་རྩོམ་རིག་ཕྱོགས་ནས་སྔོན་མ་ལས་སྐད་གྲགས་སོང་བ་ཁག་ཅིག་བགྲང་ན།གཅན་མེ་སྟག་ནི་སྔོན་མ་རྩོམ་པ་པོ་སྐད་གྲགས་ཡོད་པ་དང་དྲ་རྒྱ་ནས་བོད་ཕྱི་ནང་དུ་རྩོམ་སྤེལ་བས་ཁོང་གི་རྩོམ་ཡིག་གི་གདུལ་བྱ་ཁྱབ་ཆེ་བ་དང་དེ་བས་ཀྱང་སྐད་གྲགས་མུ་མཐུད་ནས་སོང་བ་རེད།དེ་ནས་སེང་རྡོར་ལབ་ན་སྔོན་མ་གོ་མྱོང་མེད་ལ་གོ་རིན་ཅན་ཞིག་ཀྱང་མིན།བརྡ་འཕྲིན་བརྒྱུད་ལམ་ནས་སེང་རྡོར་གྱི་སྲོལ་རྒྱུན་རྩོམ་རིག་ལབ་ན་བྱིས་པ་ལ་ཀ་ར་བསྟན་པ་ལྟར་ཀློག་པ་པོ་དག་གིས་དེ་ལྟར་གདེང་འཇོག་བྱེད་ས་ཆགས་པ་རེད།ཁོང་གི་རྩོམ་རིག་གི་གདུལ་བྱ་བོད་ཕྱི་ནང་གཉིས་ན་གང་བསྡད་ཡོད།དེའི་རྗེས་ལྷམ་ཀོག་རེད།ཁོང་གི་དངོས་མིང་ལ་དགེ་འདུན་ལྷུན་འགྲུབ་ཅེས་འབོད་པ་རེད།སྔོན་མ་དུས་དེབ་དང་ཚགས་པར་སྟེང་དུ་རྩོམ་སྤེལ་ཡོད་ཀྱང་སྐད་གྲགས་ཆགས་མེད།དྲ་རྒྱ་དར་ཁྱབ་ཏུ་སོང་བ་ནས་ལྷམ་ཀོག་ཅེས་པའི་དགེ་སློང་འདི་ལ་རྩོམ་རིག་ཕྱོགས་ནས་གདུལ་བྱ་ཇེ་མང་དང་ཁ་ལས་རླུང་རྟ་དར་ཡོད།བོད་ནང་གི་དྲ་རྒྱའི་ཟིན་བྲིས་སུ་ལྷམ་ཀོག་གི་རྩོམ་རིག་ཀློག་གྲངས་མཐོ་ཤོས་རེད།ཁོ་ཚོ་ལས་བོད་ན་རྩོམ་པ་པོ་དང་མཁས་པ།བསམ་བློ་པ་བཅས་མེད་པ་མིན་ཡང་།མང་བོ་ཞིག་ཁྱིམ་གྱི་ལས་ཀ་ཆུང་ཚེག་དང་བརྩིས་འཁོར་ལ་བྱང་ཆ་མ་ཐོན་པའི་གྲོང་སྡེ་ན་ལྷག་ཡོད།ཁག་ཅིག་རྒྱ་ནག་གི་དཔལ་འབྱོར་ལ་མགོ་འཁོར་ནས་བསྡད་ཡོད།ཁག་ཅིག་གིས་རྩོམ་རིག་སྤེལ་ཡང་དུས་དེབ་དང་ཚགས་པར་ཡིན་པས་དུས་ཚོད་ཀྱི་ཆ་ནས་རྗེས་ལུས་ཐེབས་པ་དང་།རྩོམ་ཡིག་ཀློག་མཁན་གྱི་གདུལ་བྱ་ཉུང་བས་མིང་ཐོས་རྒྱུ་ཡང་དཀའ་མོ་རེད།ངས་ད་རེས་སྐད་ཆ་མང་བོ་ཞིག་བསམ་བློ་བཏང་ནས་བཤད་འདོད་ཡོད་མོད།དུས་ཚོད་ཐུང་དྲགས་པས་ཐབས་ཤེས་བྲལ།རྗེས་སུ་རིམ་གྱིས་སྒེར་བ་དང་ཚོགས་པ་སུ་ཞིག་དང་མཉམ་དུ་རྩོམ་རིག་སྐོར་གྱི་ཁ་བརྡ་འདི་ཆ་ཚང་བྱེད་ཐུབ་ན་བསམ་ཡོད།ཁ་སང་སྔོན་མ་ངས་ངྷ་སར་ཡོད་པའི་ཤེས་རིག་ནོར་གླིང་ངམ་གསོག་སྒར་སློབ་གྲྭ་ནས་《བོད་ཕྱི་ནང་གི་རྩོམ་རིག་ལས་འཕྲོས་པའི་ཁ་བརྡ》་ཞེས་པའི་བརྗོད་གཞི་ཞིག་རང་གིས་བདམས་ཏེ་སྐད་ཆ་བཤད་ཡོད།དེ་དུས་གྲ་སྒྲིག་གང་ཡང་མེད་པའི་ཐོག་ནས་བཤད་ཡིན།ད་ཐེངས་བསམ་བློ་མང་བོ་བཏང་བ་དང་ཞིབ་འཇུག་བྱེད་ཁུལ་བྱས་ཀྱང་།རང་གི་ཤེས་ཡོན་གྱིས་མ་འདང་པ་དང་དུས་ཚོད་མ་བྱུང་བ་བཅས་ཀྱིས་བཤད་འདོད་པ་མང་བོ་ཞིག་ལྷག་སོང་བ་ལ་འགྱོད་དང་བཅས་བཤད་མཇུག་བསྡུ་རྒྱུ་ཡིན་ལ། བགྲོ་གླེང་གོ་སྒྲིག་པའི་ངོས་ནས་ཕྲན་ལ་གོ་སྐབས་འདི་ལྟ་བུ་ཞིག་ཕུལ་བ་བཀའ་དྲིན་ཆེ་ཞུ། ། འདི་ལ་ཕྲན་གྱིས་བརྩམས་ཞེས་པའི་བརྡ་མི་སྦྱོར་བར་བགྲོ་གླེང་ཞིག་གི་ཆེད་དུ་བསྒྲིགས་ཞེས་ལབ་ན་འོས་འཚམས་ཡིན། འདི་ལྟར་གསལ་བཤད་བྱེད་དགོས་དོན་ནི།འདིའི་ནང་དུ་བཙན་ནས་སོང་ན་ངས་གསར་དུ་བྲིས་པ་དང་རྙེད་པ་མང་བོ་མེད་པར་སྔོན་བྱོན་མཁས་པ་དང་རྩོམ་པ་པོ་དག་གི་བསམ་བློའི་མངར་སྐྱུར་ལས་མ་འདས་སོ།།འོན་ཀྱང་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་དང་ཡི་གེ་འབྲི་མཁན་མང་བོ་ཞིག་གིས་གཞན་གྱི་ཚིག་དག་རང་གི་ཡིན་ཁུལ་བྱས་ནས་བྲིས་པ་མང་བོ་མཐོང་བས་ངས་འདིར་ཐོག་མཐའ་གཉིས་ལ་གསལ་བཤད་ཅིག་བྱས་པ་ཡིན།


འདོན་སྤེལ།: ༢༠༡༠/༡༠/༢༩

0 བསམ་ཚུལ་འདོན་པ།: