རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Saturday, October 30, 2010
དོན་གཉེར་ཅན་ཚོའི་ཧོར་གཙང་འཇིགས་མེད་ཀྱི་《ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུག》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》་ཀློག་ན་གསལ་བོར་ཤེས་ནུས།བོད་རང་ལ་མཚོན་ནས་ཞུས་ན།གནའ་བོའི་དུས་སུ་འཆད་རྩོད་རྩོམ་གསུམ་ལ་བྱང་ཆུབ་པའི་མཁས་པའི་དབང་བོ་གྲངས་ཀྱི་མི་ལོངས་པ་ཞིག་མཆིས་ཏེ།ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས་པའི་《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད》་ཅེས་པའི་ནང་དུ།བོད་རིགས་མི་དམངས་རྣམས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་མ་འོངས་པའི་འཚོ་བ་ལ་ཡིད་ཆེས་བརྟན་པོ་ཡོད་ཕྱིར་སྙིང་སྟོབས་དགུ་འགྱུར་གྱིས་མིའི་རིགས་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཤོག་དཀར་གྱི་སྟེང་དུ་གསར་གཏོད་དང་གསར་བསྐྲུན་གྱི་རང་བཞིན་ལྡན་པའི་དཔེ་རིས་ངོ་མཚར་ཞིང་བརྗིད་ཆགས་པ་ཞིག་བྲིས་ཡོད་པ་རེད།
ཁྱད་པར་དུ་བོད་རིགས་ཀྱི་སྤྱི་ཚོགས་རིག་གནས་ལ་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་པ་དང་།དཔལ་འབྱོར་བ།རིག་གནས་པ།སློབ་གཙོ་བ།ཚན་རིག་པ།གསོ་རིག་པ།དམག་དོན་པ།མཚན་ཉིད་པ།ཆོས་ལུགས་པ་བཅས་མི་སྣ་ཉིས་སྟོང་ལྷག་གི་མིང་དང་ལོ་རྒྱུས་སྙིང་བསྡུས་དང་འཁྲུངས་འདས་སོགས་བྲིས་འདུགདེའི་ནང་དུ་མ་ཚུད་པའི་མཁས་པ་ག་ཚོད་ཅིག་ཡོད་པ་བཤད་མི་དགོས་པ་རེད།ལྷག་པར་ད་རེའི་བགྲོ་གླེང་འདིར་ཕེབས་མཁན་ཚང་མ་གྲྭ་པ་རྐྱང་རྐྱང་རེད།དཔེ་ཆ་གཟིགས་མཁན་ཞིག་གི་ངོས་ནས་མཁས་གྲུབ་དེ་ཚོའི་རྣམ་ཐར་དང་སྐུ་འཁྲུངས་འདས་ལ་གཟིགས་རྒྱུ་གལ་ཆེན་རེད། དེབ་དེ་མཚོ་སྔོན་མི་རིགས་པར་ཁང་གིས་དཔར་ཡོད་རེད། ཤོག་གྲངས་1929་ཡོད། དངོས་གནས་གཟིགས་དགོས་པ་རེད།  ད་ནི་ངས་བོད་ཀྱི་དེང་རབས་རྩོམ་རིག་ཅེས་པ་དེ་ནུབ་ཕྱོགས་དེང་རབས་རྩོམ་རིག་དང་བསྡུར་ནས་ཅུང་ཙམ་གླེང་འདོད་བྱུང་།ནུབ་ཕྱོགས་པའི་དེང་རབས་སྨྲ་བ་ལབ་ན་གདོང་ལེན་སྨྲ་བ་ལ་ཟེར་ཞིང་།དེ་ནི་ཁེར་རྐྱང་དུ་གནས་པའི་གྲུབ་མཐའ་ཞིག་མ་ཡིན་པར་སྲོལ་རྒྱུན་རྩོམ་རིག་ལ་སུན་འབྱིན་བྱེད་པའི་གྲུབ་མཐའ་སྤྱི་མིང་ཞིག་རེད། ནུབ་ཕྱོགས་དེང་རབས་སྨྲ་བའི་བསམ་བློའི་ནང་དོན་ནི། བླང་དོར་མེད་པར་སྨྲ་བའི་རིང་ལུགས་སྒྲོག་སྤེལ་བྱེད་པ། དེ་ནི་དེང་རབས་སྨྲ་བའི་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་གཉིས་མི་འདྲ་སའི་ཁྱད་ཆོས་ཆེན་པོ་རེད།དེང་རབས་སྨྲ་བས་བླང་དོར་གྱི་འཇུག་ལྡོག་ཁས་མི་ལེན་པ་དང་།ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་ཆོས་ཉིད་ཁས་ལེན་གྱི་མེད།འཛམ་གླིང་དམག་ཆེན་གཉིས་པའི་སྔོན་གྱི་དེང་རབས་སྨྲ་བའི་རྩོམ་པ་པོ་གཙོ་བོ་མཚན་ཉིད་རིག་པ་ཧྲུ་པུན་ཧྭ་དང་།པོ་ཀོ་སེན།ཉི་ཚའི།བ་ཧྥུ་ལུའོ་དབྱི་ཏེའི་སོགས་ཀྱིས་གོང་གི་ལྟ་ཚུལ་དེ་གཙོ་བོར་འཛིན།དེང་རབས་སྨྲ་བའི་རྩོམ་རིག་གི་སྒྱུ་རྩལ་ནི་སྲོལ་རྒྱུན་གྱི་དངོས་ཡོད་རང་ལུགས་ལ་སུན་འབྱིན་དང་།དཔེ་མཚོན་ཁོར་ཡུག་ཁྲོད་ཀྱི་དཔེ་མཚོན་མི་སྣ་འབྲི་འགོད་བྱ་རྒྱུར་སུན་ཕྱུང་སྟེ།སྒྱུ་རྩལ་རྣམ་པའི་ཐད་བློ་རྒྱ་ཆེན་པོས་གསར་གཏོད་བྱ་དགོས་རྒྱུའི་འདོད་ཚུལ་འཛིན།འོ་ན་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་འགོ་ག་དུས་ཚུགས་པ་རེད་ཟེར་ན།སྤྱིར་བཏང་བོད་ལྟར་བཤད་ཚུལ་མི་མཐུན་པ་མང་།ཕྱི་དར་སྔ་དར་ཞེས་པའི་འཛམ་གླིང་དམག་ཆེན་སྐབས་ཡས་མས་ཤིག་ཏུ་བརྩི་སྲོལ་འདུག  ཡིན་ནའང་།ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་དངོས་སུ་འགོ་ཚུགས་པའི་དུས་ཚོད་དེ་1857་ལོ་སྟེ། 《མི་དགེ་མེ་ཏོག་》་ཅེས་པའི་སྙན་ངག་དེ་ནས་འཇོག་པར་རྒྱུ་མཚན་ཡོད་དེ།སྙན་ངག་དེའི་བརྗོད་བྱ་ལས་ཕྱོགས་ཡོངས་ནས་སྲོལ་རྒྱུན་སྙན་ངག་གི་སྒྱུ་རྩལ་གཏོར་ཏེ་ལམ་བུ་གསར་པ་བཏོད་པའི་བརྩམས་ཆོས་དང་པོ་ཡིན།སྙན་ངག་དེ་ནི་དེའི་རྗེས་ཀྱི་ལོ་བརྒྱ་ལྷག་ཙམ་རིང་ཐོན་པའི་དེང་རབས་སྨྲ་བའི་གྲུབ་མཐའ་སྣ་ཚོགས་དང་བརྩམས་དེབ་ཀྱི་སྤྱིའི་འབྱུང་རྩ་ཡིན་ནོ།།མི་དགེ་མེ་ཏོག་ཅེས་པའི་སྙན་ངག་རྩོམ་པ་པོའི་མིང་ལ།པོ་ཏེ་ལའི་ཨེར་ཟེར་ཞིང་ཁོང་གཙོས་ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་ལ་གསོན་ཤུགས་བསྐྲུན་མཁན་མང་ཡང་འདིར་འགོད་པ་ལ་དགེ་མཚན་ཆེར་མ་མཐོང་ངོ་།།གོང་གི་འདི་དག་ནི་《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ》་ཞེས་པའི་དེབ་ཆེན་པོ་གཉིས་པ་ལས་གསལ་ཞིང་རྩོམ་རིག་ལ་རྒྱུས་ལོན་བྱེད་མཁན་རྣམས་ཀྱིས་ཀློག་ན་བཟང་   ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་ལ་གདེང་འཇོག་ཇི་ལྟར་བྱེད་དགོས་པ་རེད་ཅེས་པའི་ལན་དུ། ང་ཚོའི་བསམ་པར་དེང་རབས་སྨྲ་བའི་རྩོམ་རིག་ཁྲོད་ཀྱི་དམངས་གཙོའི་རང་བཞིན་གྱི་སྙིང་བཅུད་རྣམས་ཁས་ལེན་གང་ལེགས་དགོས་པ་དང་དུས་མཚུངས།དེའི་ཁྲོད་ཀྱི་དོན་སྟོང་རིང་ལུགས་དང་སྐྱོ་སྣང་རང་ལུགས་སོགས་ཕན་མེད་ཀྱི་གྲུབ་ཆ་རྣམས་ལའང་ངེས་པར་དུ་སུན་འབྱིན་གྱི་རྣམ་འགྱུར་འཛིན་དགོས།དེང་རབས་སྨྲ་བའི་བརྩམས་ཆོས་ཁྲོད་ཀྱི་རྣམ་པ་གསར་ལ་ཀློག་པ་པོས་དགའ་བསུ་ཞུ་བའི་མཚོན་བྱེད་ཀྱི་འབྲི་ཐབས་རྣམས་བློ་རྒྱ་ཆེན་པོས་དཔྱད་གཞིར་བཟུང་སྟེ།རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ཞེས་པ་ལྟར་ངེད་ཅག་བོད་ཀྱི་གཞོན་སྐྱེས་ཚོས་ཀྱང་དེང་རབས་རྩོམ་རིག་ཡོད་ཚད་གསེར་དང་སྲོལ་རྒྱུན་རྩོམ་རིག་ཀུན་ས་ལྟར་ལྟ་བུའི་འདུ་ཤེས་ངན་པ་དོར་ཏེ་བླང་དོར་མ་ནོར་པ་ཞིག་ཅིས་ནས་ཀྱང་གལ་ཆེའོ།།བོད་ཀྱི་དེང་རབས་རྩོམ་རིག་གི་དུས་ཚིགས་དེ་གང་ཡིན་ཡང་ཆོག་གཙོ་བོ་དེ་དང་ནུབ་ཕྱོགས་པའི་དེང་རབས་གཉིས་ཀྱི་ནུས་ཤུགས་དང་ཁྱད་ཆོས་འདྲ་མཚུངས་ཡོད་མེད་ཤེས་ན་དགེ་མཚན་ཆེ་བར་མཐོང་།འདིར་སྡོམ་ཚིག་ལྟ་བུའི་སྐད་ཆ་གཅིག་བཤད་འདོད་པ་ནི།འགོ་དོན་གྲུབ་རྒྱལ་ནས་བར་ཞོགས་དུང་སོགས་དང་།མཇུག་ད་ལྟའི་སློབ་ཆེན་པ་ཚོ་དང་གྲྭ་པ་ཀླད་གསར་ཡིན་ཟེར་མཁན་ཚོས་ནུབ་ཕྱོགས་ཀྱི་ལྟ་གྲུབ་འདི་དག་ལ་ལད་ཟློས་བྱས་ཡོད་པ་གསལ་བོ་རེད།འོན་ཀྱང་ལད་ཟློས་བྱེད་མ་ཤེས་ནས་གླེན་རྟགས་སྟོན་མཁན་ཡང་མང་བོ་བྱུང་ཡོད།
མི་ཆོས་རང་ལུགས་ཀྱི་ལྟ་བ་འབོད་པའི་ཞོགས་དུང་གི་བསམ་བློ་དེ་ཡང་ཕལ་ཆེར་རྒྱ་ཡིག་གི་དེབ་འག་རེ་ཀློག་ནས་རྙེད་པ་ནི་ཁ་ཚོན་གཅོད་ཐུབ།བསྐབས་འདི་ནས་སྐུ་ཞབས་འཇུ་སྐལ་བཟང་གི་ཚིག་ཁ་ཤས་འདྲེན་འདོད་བྱུང་ཁྱོད་ལོག་རྟོག་དེའི་དབང་གིས་ཤེས་ཡོན་གྱིས་དེང་རབས་སྙན་ངག་འབྲི། ཤེས་ཡོན་མེད་པས་ཀྱང་དེང་རབས་སྙན་ངགའབྲི།སློབ་གྲྭ་ཆེན་པོའི་སློབ་མས་དེང་རབས་སྙན་ངག་འབྲི།སློབ་གྲྭ་ཆུང་བའི་སློབ་མས་ཀྱང་དེང་རབས་སྙན་ངགའབྲི།ཆོས་དཔེ་དང་དངོས་དཔེའི་དབྱེ་བ་གསལ་བོ་མ་ཤེས་ཀྱང་བྱེད་སྒྲ་དང་འབྲེལ་སྒྲ་མ་ནོར་ན་སྙན་རྩོམ་གྱི་འཕྲང་ལ་འཇིགས་པ་མེད།ཨ་ཁ་ཁ།དེ་སྔོན་ཁ་བ་རི་བས་ཤོང་དཔང་རྣམ་གཉིས་ལ་དོན་མེད་ཀྱི་དཀའ་ལས་གཏད་སོང་།ཁྱོད་ཚོའི་དེང་རབས་སྙན་ངག་ཅེས་པ་ལ་རྐང་བ་མི་སྙོམ་པར་ཚིགས་སུ་བཅད་པའི་རྩོམཞེས་པའི་མཚན་ཉིད་འདིས་ཡོངས་སུ་ཁྱབ་པར་འདུག་པས།ད་ལྟ་འཛམ་གླིང་ཧྲིལ་བོའི་ཁྱོན་ན་དེང་རབས་སྙན་ངག་ལ་མཚན་ཉིད་ཐུན་མོང་གིས་ཁས་ལེན་པ་ཞིག་མེད་པ་ལ་འདི་འདྲ་ཁོ་བོ་ཅག་གི་རིག་པའི་རྩལ་ལས་འཁྲུངས་སོ་ཞེས་སྒྲོགས་དང་ནོ་འབེར་བྱ་དགའི་རྟགས་མ་ཐོབ་ཀྱང་སྲིད་དོ།།          གསར་རྙིང་སྙན་ངག་དབྱེ་བའི་ཁྱད་ཆོས་དེ།།ཚིག་རྐང་སྙོམ་མིན་ཙམ་གྱིས་འབྱེད་བྱེད་ན།།  མི་དང་དུད་འགྲོའི་རྩ་བའི་ཁྱད་པར་ཡང་།།བ་སྤུ་མང་ཉུང་ཙམ་གྱིས་ཅིས་མི་འཇོག།ཅེས་ཀྱང་ཐལ་ལོ།།
ད་ལྟ་རང་རེ་བོད་དུ་དར་བཞིན་པའི་སྙན་ངག་རང་མོས་ཅན་ནམ་སྙན་ངག་གསར་བའི་རིགས་འདི་ནི་སྤྱི་སྒོས་ནས་བཤད་ན་ལོ་རབས་ཉི་ཤུ་སུམ་ཅུ་བར་རྒྱལ་ནང་དུ་དར་བའི་སྙན་ངག་རང་མོས་ཅན་གྱི་རྗེས་སུ་འབྲང་བ་ཙམ་མིན་པར།ལོ་རབས་བདུན་ཅུ་བརྒྱད་ཅུ་པར་གསར་དུ་དར་བའི་སྙན་ངག་དང་།འཛམ་གླིང་སྤྱིའི་སྙན་ངག་འཕེལ་ཕྱོགས་ལ་དཔེ་སྟོན་གྱི་འོས་སུ་ཆེ་བའི་ཕྱི་གླིང་པའི་སྙན་ངག་སྨྲ་བ་མིང་དུ་གྲགས་པ་དག་གི་ཚད་ལྡན་སྙན་རྩོམ་ལ་མིག་དཔེ་བྱས་པ་གཙོ་ཆེ་ཞིང་།རང་གཞན་གཉིས་ཆར་གྱི་སྙན་ངག་གི་རིག་པ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་རང་རིགས་དཔྱོད་ལྡན་དུ་མའི་རིག་པའི་རྩལ་ལས་འདི་ལ་འཚམ་པའི་ཞིང་ས་ལེགས་པོ་ཞིག་ཀྱང་གངས་རིའི་ལྗོངས་སུ་རྙེད་ཟིན་པས།འདི་ལ་དེང་རབས་རིང་ལུགས་པའི་ཤན་ཞུགས་ངེས་ཅན་ཞིག་ཐེབས་ཡོད་པ་སྨོས་མ་དགོས་མོད།ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ནི་ད་ལྟའི་བར་ཆེར་མ་མཐོང་།འོན་ཀྱང་སྙན་ངག་སྨྲ་བ་ལྗང་བུ་སོགས་ཉུང་ཤས་ཤིག་གི་སྙན་རྩོམ་ལ་དངོས་བརྒྱུད་གང་རུང་གི་སྒོ་ནས་དེང་རབས་རིང་ལུགས་པའི་ཤན་ཞུགས་ཅུང་ཆེ་བར་འདུག་ཅེས་བདག་གིས་སྙམ་མོ།། ཤོག་ངོས་གསུམ་པའི་འཕྲོ་མཐུད་ནས་གཟིགས་རོགས།

0 བསམ་ཚུལ་འདོན་པ།: