རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Saturday, October 30, 2010
ཁག་གཉིས་པ།
བོད་ཀྱི་ཡིག་ཐོག་རྩོམ་རིག་གི་འཕེལ་རིམ་གླེང་བ།
མདོར་ན་བོན་གྱི་དུས་སུ་གླུ་བ་སྒྲུང་བ།གཉེན་དང་གྱོད་བཤད་མཁན་མང་བ་དེ་དག་གི་ཁ་ན་སྙན་ངག་སྙན་མོ་རེ་ཡོད་ཚོད་རེད།དེའི་རྗེས་ཀྱི་དུས་རབས་ལ་སྙན་ངག་གཞུང་གི་འཆད་ཉན་དར་མ་དར་གྱི་གནས་སྐབས་སྔ་ཕྱི་གཉིས་ལས།སྔ་མ་དུས་རབས་བདུན་པའི་སྟོད་ལ་ཆོས་བསྒྱུར་མགོ་བརྩམས་པ་ནས་དུས་རབས་བཅུ་གསུམ་པའི་དཀྱིལ་སྟོད་སྙན་ངག་《མེ་ལོང་མ》་བསྒྱུར་བའི་བར་ལོ་དྲུག་བརྒྱ་ཙམ་གྱི་རིང་ལ་སྙན་ངག་གམ་གཞུང་ལུགས་འཆད་ཉན་མ་དར་ཞིང་།སངས་རྒྱས་ཆོས་ལུགས་བསྒྱུར་བ་ནས་སྙན་ངག་གི་སློབ་གསོ་ཐེབས་ཡོད་ཅེས་པ་བདེན་པ་འདྲ།སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་ཆོས་ལུགས་ཀྱི་སྙན་ངག་གྲགས་ཅན་སྐོར་ཞིག་དང་།རཱ་མ་ཎའི་གཏམ་རྒྱུད།སྤྲིན་གྱི་ཕོ་ཉ་སོགས་ཐུན་མོང་གི་སྙན་ངག་གྲགས་ཅན་འགའ་བོད་དུ་བསྒྱར་ནས་སྙན་ངག་གི་བསྟན་པ་དར།
   མཛེས་རྟོག་སྐྱེད་ཚུལ་ནི་ཀློག་པ་པོ་ལ་སྤྲོ་སྣང་སླེབས་སུ་བཅུགས་པའི་དོན་དང་།དེ་ནི་ཀློག་པ་པོ་ཚོའི་འདོད་པ་དང་བསྟུན་རྒྱུ་ཞིག་ལས་ངས་འདི་རེད་ཅེས་ཁ་ཚོན་བཅད་ནས་བཤད་རྒྱུ་ཞིག་མེད།ཀློག་པ་པོ་འགའ་རེ་བརྡ་རྙིང་དང་མངོན་བརྗོད་ཀྱིས་བཅིངས་པ་ལ་དགའ་བ་དང་།ཁག་ཅིག་གིས་དེ་ལས་ལྡོག་སྟེ་འདོད་པས་ན། གནའ་དེང་གི་རྩོམ་རིག་གི་མཛེས་རྟོག་སྐྱེད་ཚུལ་འདི་ཡིན་ཟེར་མཛུབ་མོ་བཀར་ས་གཏན་ནས་མེད།
དེ་ལྟར་བོད་ཀྱི་ཡིག་ངོས་སྙན་ངག་རྩོམ་རིག་བྱུང་ཞིང་།རྗེ་བཙུན་མི་ལའི་ཉམས་མགུར།ནག་པོའི་བསྟོད་པ་བརྒྱད་ཅུ་བ།འབྲོམ་སྟོན་པའི་བསྟོད་པ་སུམ་ཅུ་བ།ས་ཆེན་གྱི་བི་རུ་བའི་བསྟོད་པ།ས་པཎ་གྱི་ལེགས་བཤད་སོགས་ཚིག་དོན་གཉིས་ཐད་ནས་ཕུན་སུམ་ཚོགས་པའི་སྙན་ངག་གང་མང་བྱུང་ངོ་།།དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་ལ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྩོམ་རིག་གི་སྤྱི་ཁོག་འབུབས་པའི་སྙན་ངག་《མེ་ལོང་མ》་བསྒྱུར།དེ་ནས་བཟུང་སྟེ་ད་ལྟའི་བར་ལོ་བདུན་བརྒྱ་དང་ལྔ་བཅུ་ཙམ་སོང་།བོད་དང་སོག་བཅས་ཀྱི་དགོན་སྡེ་ཁག་གི་མཐའ་འཁོར་ལ་ཁྱབ་ཏེ་སྙན་གཞུང་གི་འཆད་ཉན་དར།མཁས་པ་མང་བོས་《མེ་ལོང་མ》་ལ་འགྲེལ་བ་དང་དཔེར་བརྗོད་མང་དུ་མཛད་ཅིང་།ད་ལྟའི་བར་དུ་མིག་མཐོང་ལག་ཟིན་དུ་ཡོད་པའང་བརྒྱ་ཕྲག་ལྷག་ཡོད་ལ།གཞུང་གཅིག་ལ་འགྲེལ་བ་དང་དཔེར་བརྗོད་འདི་ཙམ་མང་བ་འཛམ་གླིང་ན་ཡང་དཀོན་པར་སྣང་ཞེས་ཨ་ལགས་དོར་ཞིས་གསུངས།《མེ་ལོང་མ》་བོད་བསྒྱུར་བྱས་ནས་ད་ལྟའི་བར་དུ་ལོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་འདུག་ལ་ཡིག་ཐོག་སྙན་ངག་ཀྱང་དེ་ལྟར་འདོད་དགོས་སོ།།དེའི་དབང་དུ་བྱས་ན་མགུར་གླུའི་ཐད་དུ།རྗེ་མར་པ་ལོ་ཙཱ་པ་དང་འབྲོམ་སྟོན་པ།རྗེ་མི་ལ་དང་འཁྲུལ་ཞིག་རྒྱ་རས་པ།ཀླུང་ཆེན་རབ་འབྱམས་པ་དང་ཞབས་དཀར་པ་སོགས་ཀྱི་མགུར་གླུ་བྱུང་ཡོད་པ་ཡིག་ཐོག་ཏུ་གསལ་བོ་རེད།དེང་གི་དུས་སུ་མགུར་གླུ་དང་རྩོམ་རིག་སྐོར་ཡོད་ཚད་གླེང་དགོས་ན་ཕྲན་གྱིས་མི་ཚེ་ལ་འབད་ཀྱང་འབྲི་མི་ཐུབ་ལ། མང་ཆེ་བར་འབྲི་རིན་ཡང་མེད་དོ།
འདིའི་ཡན་སྤྱི་བཤད་ཙམ་བྱས་པ་ཡིན།དེ་ནི་བྱེ་བྲག་ཏུ་གླེང་བ་ལ།རྩོམ་རིག་གི་དབྱེ་བ་དགར་ཚུལ་ཐད་ཀྱི་གླེང་སློང་།སྤྱིར་བཏང་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང་།ཉེ་རབས་རྩོམ་རིག་གཉིས་ལས་མི་འདོད་མཁན་ཡོད་ལ།གནའ་རབས་དང་།ཉེ་རབས།དེང་རབས་བཅས་གསུམ་དུ་འདོད་མཁན་ཡང་ཡོད།ཕྲན་གྱི་བློར་འབབ་པ་ནི་གསུམ་དུ་དབྱེ་ཚུལ་དེ་ཡིན།གསུམ་དུ་དབྱེ་ཚུལ་ལ་ཡང་མི་མཐུན་པ་ཡོད་དེ།ཁ་ཅིག་གིས་ས་སྐྱ་ཡན་ཆད་དུ་དར་བ་ལ་གནའ་རབས་རྩོམ་རིག་དང་།ས་སྐྱ་བ་ནས་སྤྱི་ལོ1951བར་ལ་དར་བའི་རྩོམ་རིག་ལ་ཉེ་རབས་དང་།དེའི་རྗེས་ནས་ད་ལྟའི་བར་ལ་དེང་རབས་རྩོམ་ཡིག་ཅེས་འདོད།ཡང་འདོད་ཚུལ་གཞན་པ་ཞིག་ལ་གླང་དར་མ་ཡན་ཆད་ལ་གནའ་རབས་རྩོམ་རིག་དང་།གླང་དར་མ་ནས་དགའ་ལྡན་ཕོ་བྲང་གི་དུས་ཡུན་བར་ལ་ཉེ་རབས་རྩོམ་རིག་དང་།དགའ་ལྡན་ཕོ་བྲང་གི་མཇུག་ནས་ད་ལྟའི་བར་ལ་དེང་རབས་རྩོམ་རིག་ཅེས་ཟེར།བོད་ཀྱི་དཔྱད་བརྗོད་པ་ཆེན་མོ་བདུད་ལྷ་རྒྱལ་གྱིས།བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ལ་དབྱེ་བ་ཕྱེ་དུས་སྤྱི་ཚོགས་ཀྱི་ལོ་རྒྱུས་སམ་ཆབ་སྲིད་ཀྱི་འཕོ་འགྱུར་གཞིར་བཟུང་བར་གྱུར་པ་འདི་ངས་བསམ་ན་རྒྱའི་རིག་གནས་དང་རྒྱའི་རྩོམ་རིག་གི་དུས་ཀྱི་དབྱེ་སྟངས་ཀྱི་ཤན་ཞུགས་པ་ཡིན་པར་འདོད་དེ།རྒྱས་རང་གི་རྩོམ་འབྱུང་ལ་དུས་ཀྱི་དབྱེ་བ་འབྱེད་དུས་རྒྱལ་རབས་སོ་སོའི་སྒོ་ནས་དབྱེ་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད།འོན་ཀྱང་བོད་ཀྱི་རྩོམ་རིག་གི་ཆུ་ཚད་དང་རྩོམ་རིག་གི་ལྟ་བ་སོགས་རྒྱ་མི་རིགས་ལྟ་བུ་ཞིག་མ་ཡིན་པས།གནས་ཚུལ་བྱེ་བྲག་པ་ལ་བྱེ་བྲག་པའི་སྒོ་ནས་དཔྱད་པ་གཏོང་དགོས།ཀྲུང་གོ་རྒྱལ་ཁབ་སྤྱི་དང་བོད་ལ་བཅིངས་གྲོལ་ཐོབ་ཚུན་ནས་ལོ་རབས་བརྒྱད་ཅུ་པའི་བར་ལ་མར་ཁེ་སི་རིང་ལུགས་ལར་སྣང་བ་འགས་ཆབ་སྲིད་ཀྱི་གྲིབ་མ་སྟུག་པོས་སྒྲིབ་སྟེ།ཐབས་ཅད་ཀྱི་ཡོད་ཚད་ལ་ཆབ་སྲིད་ཀྱི་མིག་ཤེལ་ཐོགས་པར་འགྱུར་བའང་།ལོ་རབས་བརྒྱད་ཅུ་པ་ཡན་གྱི་མིའི་ཐུན་མོང་གི་རང་གཤིས་སུ་གྲུབ་ཡོད་པ་ལོ་རྒྱུས་ཀྱི་དངོས་ཡོད་རེད།དེའི་སྟབས་ཀྱིས་དེང་འདིར་རྒྱའི་མཁས་པ་མང་བོ་ཞིག་གིས་ཀྱང་ཀྲུང་གོའི་རྩོམ་འབྱུང་ལོ་རྒྱུས་བསྐྱར་འབྲི་བྱེད་དགོས་ཞེས་འབོད་སྐུལ་ཚ་བོ་གཏོང་བཞིན་པ་ལྟར་རེད། 
ཡང་རྩོམ་རིག་ལོ་རྒྱུས་ཞེས་པའི་གོ་དོན་ནི།ཨུ་རུ་སུའི་སྐད་དོན་དུ་ཡི་གེའི་སྒོ་ནས་མཚོན་པའི་སྒྱུ་རྩལ་གྱི་ལོ་རྒྱུས་ཞེས་པ་དང་།འཇར་མན་གྱི་སྐད་དོན་དུ་ཚིག་གི་སྒྱུ་རྩལ་གྱི་ལོ་རྒྱུས་དང་རྒྱ་ནག་གི་སྐད་དོན་དུ་གཞུང་གི་ལོ་རྒྱུས་སམ་རྩོམ་རིག་ལོ་རྒྱུས་ཞེས་སོགས་བརྗོད་པ་ལྟར་ན།ཡི་གེ་དང་སྐད་བརྡ་དང་དེ་མཚོན་བྱེད་ཀྱི་གཟུགས་གཉིས་ཀྱི་འགྱུར་བའི་ལོ་རྒྱུས་ནི་རྩོམ་རིག་ལོ་རྒྱུས་ཀྱི་རྣམ་པ་གཙོ་བོ་ཡིན་པ་དང་།བརྗོད་བྱ་བསམ་ཆོས་ཀྱི་འགྱུར་བའི་ལོ་རྒྱུས་ཀྱི་རྣམ་པ་གཙོ་བོ་ཡིན་པ་དང་།བརྗོད་བྱ་བསམ་ཆོས་ཀྱི་འགྱུར་བའི་ལོ་རྒྱུས་ནི་རྩོམ་རིག་ལོ་རྒྱུས་ཀྱི་ནང་དོན་གཙོ་བོ་ཡིན་པ་མཚོན་ཐུབ་ཅེས་འཁོད་པ་དང་།དེ་ནས་དགའ་བ་ཕ་སངས་ཀྱིས་རྗོད་བྱེད་བརྡ་གསར་རྙིང་གི་འགྱུར་བ་སྐད་གསར་བཅད་ཐེངས་གཉིས་པའི་དུས་དང་།བརྗོད་བྱ་བསམ་པའི་འགྱུར་བ་སངས་རྒྱས་ཀྱི་ཆོས་ལུགས་བསྣུབས་འགོ་ཚུགས་པའི་ལོ་སྟེ་མངའ་བདག་ཁྲི་རལ་བ་ཅན་འདས་པའི་841་པ་དེ་གནའ་བས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གི་དབྱེ་མཚམས་སུ་བྱས་པ་དང་།“དེའང་བོད་ཞི་བཅིངས་གྲོལ་མ་བཏང་རྗེས་སུ་ཕལ་སྐད་གཙོ་བོར་བྱེད་པའི་སྲོལ་དེ་ཞི་བའི་བཅིངས་གྲོལ་བཏང་རྗེས་སུ་ཕལ་སྐད་གཙོ་བོར་བྱེད་པའི་ཁ་ཕྱོགས་སུ་འགྱུར་བ་བྱུང་བ་དང་།བསམ་བློར་སློབ་སྟོན་བྱེད་པའི་ཁ་ཕྱོགས་སུ་འགྱུར་བ་བྱུང་བ་དང་།བསམ་བློར་སློབ་སྟོན་བྱེད་པའི་གཞུང་ལུགས་ཀྱི་རྨང་གཞིར་བྱེད་པའི་སངས་རྒྱས་ཆོས་ལུགས་དེ་རིམ་བཞིན་མར་ཁེ་སི་རིང་ལུགས་ཀྱིས་ཚབ་བྱེད་པ་སོགས་ཀྱི་གསར་བརྗེ་ཆེན་པོ་བྱུང་བ་ལས།བོད་ཞི་བའི་བཅིངས་གྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་པའི་དུས་དེ་ཤེད་ཙམ་ནི་བོད་ཀྱི་ཉེ་རབས་དང་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་དུས་མཚམས་བྱེད་རྟགས་འཁྲུལ་མེད་ཅིག་རེད་སྙམ་ཞེས་བོད་ཀྱི་དཔྱད་བརྗོད་པ་བདུད་ལྷ་རྒྱལ་གྱིས་དགའ་བ་ཕ་སངས་ཟེར་བའི་བཤད་ཚུལ་དེ་བཟང་བར་བྲིས་འདུགགང་ལྟར་གནའ་དེང་རྩོམ་རིག་གི་དུས་ཚིགས་བཀར་སྟངས་དེ་འདྲ་ཞིག་རེད།དེ་ནས་དེང་རབས་རྩོམ་རིག་ལ་དུས་ཚིགས་ཀྱི་སྒོ་ནས་མི་མཐུན་པ་མང་།འགའ་རེས་དེང་རབས་རྩོམ་རིག་དབུ་བརྙེས་ས་1976་ཡས་མས་ལ་ངོས་འཛིན་བྱེད་མཁན་དང་།དགེ་འདུན་ཆོས་འཕེལ་ནས་བརྩིས་ན་འོས་པར་འདོད་པ་དང་།འགའ་རེས་དོན་གྲུབ་རྒྱལ་གྱི་དུས་སུ་འདོད་མཁན་ཡོད།ངས་བལྟས་ན་དེང་རབས་རྩོམ་རིག་ནི་1981་ལོ་ནས་བཞག་ན་བསམ།རྒྱུ་མཚན་ནི་དེང་རབས་རྩོམ་རིག་དར་ཁྱབ་སོང་བའི་དུས་ནི1981་ལོར་དོན་གྲུབ་རྒྱལ་གྱི་བསྡུས་དེབ་ཐོག་མ་《འབོལ་རྩོམ་ཞོགས་པའི་སྐྱ་རེངས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དེ་སྤེལ་བ་དང་།གཙོ་བོ་《སྦྲང་ཆར》་དུས་དེབ་བཏོན་པས་རེད།འོན་ཀྱང་ཧོར་གཙང་འཇིགས་ཀྱིས་1980་ལོར་འདོད་དེ་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》་གསར་འདོན་བྱས་པ་རེད་ཟེར། ཡང་ཁག་ཅིག་གིས་དེང་རབས་རྩོམ་རིག་དང་དེང་རབས་སྙན་ངག་གཉིས་ལོགས་སུ་མི་བཀར་བར་དེང་རབས་རྩོམ་རིག་ནི་1983་ལོར་《་སྦྲང་ཆར》་འདོན་ཐེངས་གཉིས་པའི་སྟེང་དུ་དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་སྤེལ་བ་དེ་ནས་དེང་རབས་རྩོམ་རིག་གི་དབུ་བརྙེས་པར་འདོད་པ་ནི།ཡོད་ཚད་ཀྱི་ནང་དུ་བཤད་འདོད་པ་དང་འབྲི་འདོད་པར་བྲེལ་བའི་གླེན་པ་ཞིག་གི་ཨུ་ཚུགས་ལས་དོན་དངོས་དེ་འདྲ་མ་རེད།དུས་ཚིགས་དེ་ནི་དེང་རབས་སྙན་ངག་གམ་རང་མོས་སྙན་ངག་གི་དབུ་བོད་ལ་བརྙེས་པའི་སྐབས་སོ།།སྤྱིར་བཏང་མི་སྒེར་བའི་དེབ་དང་རྩོམ་རིག་ཡོད་ཚད་གླེང་ན་རྗོགས་མཐའ་བྲལ་ཞིང་དུས་ཚོད་ཐུང་ངུ་འདིའི་ནང་དུ་གླེང་ཐབས་མེད།
གོང་གི་གཉིས་པའི་འཕྲོས་ཡིན། ད་དུང་མུ་མཐུད་ནས་གཟིགས་རོགས།

0 བསམ་ཚུལ་འདོན་པ།: