རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
-
བོད་ཀྱི་གྲྭ་བཙུན་ཚོ་གླེང་སྟངས་ཤིག པར་ཡོང་ཁུངས་དྲ་རྒྱ་ཡིན། སད་མི་བདུན་པོ་དེ་རབ་ཏུ་བྱུང་དུས་སུ། ། བོད་ཀྱི་གྲྭ་བཙུན་དེ་ཀུན་གྱིས་བརྩི་བཀུར་བྱ...
-
གྲྭ་ རྐྱང་ ངའི་ ཚོགས་ ཕོར་ གཅོག་ ཨེ་ ཐུབ་ བལྟས་ སོང་ ། བདག་ གི་ ཟིན་ བྲིས་ 《 སྤྱི་ ཚོགས་ སྐྱོན་ བརྗོད། རྣག་ ཐོག་ ཁབ་ གཙགས 》 ་ ཞེས་ པའི་ ནང་ ...
-
ཁག་ གཉིས་ པ། བོད་ ཀྱི་ ཡིག་ ཐོག་ རྩོམ་ རིག་ གི་ འཕེལ་ རིམ་ གླེང་ བ། མདོར་ ན་ བོན་ གྱི་ དུས་ སུ་ གླུ་ བ་ སྒྲུང་ བ།གཉེན་ དང་ གྱོད་ བཤད་ མཁན་ མ...
-
གྲྭ་བཙུན་ཡིན་མིན་ལ་དཔྱད་པ། སྤྱིར་བཏང་དེ་རིང་ཁོ་བོས་འབྲི་འདོད་པ་འདི་ནི་སྔོན་གྱི་མཁས་དབང་དག་གིས་གསུངས་ཟིིན་ན་ཡང་། ད་ལྟའི་དུས་སུ་མང་བོ་ཞིག་གིས...
-
ཚོགས་ ཆུང་ ཁག་ ཅིག་ གིས་ འདི་ ལྟརདུས་ ཚོད་ འཕྲོ་ བརླག་ ཏུ་ བཏང༌། སྤྱིར་ བཏང་ བོད་ གཞུང་ མང་ རྒྱལ་ ཡོངས་ ཚོགས་ ཆེན་ ཐེངས་ དང་ པོ་ འདིར་ ཕྱོགས...
-
བསམ་འཆར་བཤད་ན་གོང་གི་ཟིན་བྲིས་གཞན་དག་ཀློག་ནས་བཤད་རོགས། དེ་མིན་ཕྱོགས་མང་བོ་ཞིག་ནས་གོ་ནོར་ཐེབས་སྲིད། སྤྱིར་བཏང་སྐད་ཆ་རིང་དྲགས་ནས་ཟིན་བྲིས་གཅི...
-
༄༅།། ལམ་ ལབ་ དུས་ ཡོད་ ཚད་ ཀྱི་ སེམས་ ལ་ ཏན་ ཏན་ མ་ འདྲ་ བ་ རེ་ འཆར་ སྲིད།ངས་ དེ་ རིང་ འབྲི་ བཞིན་ པའི་ ལམ་ འདི་ ཐོག་ མ་ གང་ ནས་ བྱུང་ རྩོད...
-
-
རྩོམ་རིག་གི་བརྗོད་བྱ་ལས་གནའ་དེང་གི་རྩོམ་རིག་གླེང་བ། ཐོག་མའི་གཏམ། དེ་རིང་ངས་འདིར་མཐོ་བ་དང་དམའ་བ། ཆེན་པོ་དང་ཆུང་ངུའི་དབྱེ་འབྱེད་མེད་པར་འདིར་འ...
-
རྒྱང་འཕེན་པ་དཀར་འདོན་བྱེད་རྒྱུ་ཡོད་དམ། སྤྱིར་བཏང་བོད་ཡིག་ལ་དུང་བ་དང་བོད་སྐད་ལ་འབད་ན་ངའི་སེམས་ངོགས་ན་མི་དེ་ནི་གྲོགས་པོ་ཡག་ཤོས་ཤིག་གི་ཚད་ནས...
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

snws2010@hotmail.com
Monday, October 4, 2010
དྲ་རྒྱའི་བརྒྱུད་ལམ་དེད་ནས་འགྲོ་དུས་སུ།། ལམ་ཁ་བདེ་གཟར་མང་བོ་ཕྲད་ན་ཡང་།།
དཀའ་ངལ་ལྕི་མོ་ཞིག་གི་འཆར་སྣང་མེད།། བློས་ཐུབ་གྲོགས་དང་མཐུན་ན་འགྲིག་འདུག་སྙམ།།
དྲ་གྲོགས་ཡོད་ཚད་བདག་གི་གཏན་གྲོགས་མིན།། དྲ་འབུ་ཡོད་ཚོད་ཕྲན་གྱི་དགྲ་བོ་མིན།།
གལ་ལ་ཐུག་དུས་སྐད་ཆ་འདྲི་ས་དེ།། སེམས་ཀྱི་གྲོགས་པོ་ཡིན་པ་བཤད་མི་དགོས།།
གྲོགས་པོ་ཀུན་གྱི་ལྟ་བ་གཅིག་པ་མིན།། བཟང་ས་ཚང་མའི་བསམ་ཚུལ་འདྲ་མཚུངས་མིན།།
ཕན་ཚུན་གུ་ཡངས་དཀྱིལ་ཡངས་བསམ་བློ་དེ།། གྲོགས་པོའི་མཐུན་སྒྲིལ་དར་ཐག་ལེགས་ཤོས་ཉིད།། དྲིན་ཆེན་ཕ་མ་རྒྱང་རིང་ཡུལ་ནས་བཞག། ཤ་ཚའི་སྤུན་སོགས་མ་མཇལ་ཡུན་རིང་འགོར།།
ཟིན་བྲིས་སྤེལ་ནས་ལོ་ཟླ་མང་བོ་རྫོགས།། འདང་ཅན་གྲོགས་པོས་བཀའ་བཀྱོན་ཐེངས་ཤིག་གནང་།། ད་ནི་རང་གཤིས་བསྒྱུར་ལ་དཀའ་ངལ་ཞིག། ད་ནི་གྲོགས་པོའི་གཏམ་དེ་བདེན་གི་སྙམ།།
ཚ་གྲང་ལྟ་བུའི་འགལ་ཟླ་འདི་འདྲའི་འོག། མཚན་མོ་གཉིད་ཀྱང་མ་ཁུག་མགོ་བོ་ན།།
བློས་ཐུབ་གྲོགས་ལ་བཟུང་བའི་སེམས་པ་དེ།། ལྷ་དང་བླ་མ་མ་གཏོགས་སུ་ཡིས་ཤེས།།
བཟང་ངན་དབྱེ་འབྱེད་ཅུང་ཙམ་བཀར་བྱེད་ཀྱི།། རྣམ་དཔྱོད་ཕྲན་བུ་བདག་ལ་ཡོད་སྐད་དོ།།
དཀའ་
དྲ་
གལ་
གྲོགས་
ཕན་
ཟིན་
ཚ་
བློས་
བཟང་
Subscribe to:
Post Comments (Atom)
0 བསམ་ཚུལ་འདོན་པ།:
Post a Comment