རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Friday, October 15, 2010
སློབ་སྟོན་པ་ཟེར་བའི་དབང་འོག་ནས་ཐར་བའི་<<དུས་འགྱུར>>
     སྤྱིར་བཏང་བྱེས་ཀྱི་སྤྱི་ཚོགས་ནང་དུ་གཞུང་སྒེར་གྱི་དུས་དེབ་ཁ་གྲངས་མི་ལོན་པ་ཞིག་མཆིས་མོད།  འགའ་ཞིག་ཡོད་པ་ལས་མེད་ན་བཟང་སྟེ། རང་གི་སྐད་ཡིག་ལ་བརྡབ་གསིག་སྟེར་རྒྱུ་ལས་མི་འདུག  དཔེར་ན། ཡིག་ནོར་ཕྱོགས་ནས་བརྒྱ་ཆ་གཅིག་ཟིན་པ། རྩོམ་ཡོང་སྟངས་ཀྱི་ཆ་ནས་སྙན་ངག་ཐན་ཐུན་ཙམ། རྩོམ་པ་པོ་མང་ཆེ་བ་ཕ་ཡུལ་གཅིག་པ་དང་ངོ་ཤེས་ཡིན་པ། བྲིས་བྲིས་ཐམས་ཅད་ནང་དུ་འཁོད་རྐྱང་ཡིན་པ།  ད་དུང་དགོན་པ་རེ་དང་ཚོགས་པ་རེ་ལ་དུས་དེབ་དང་ཚགས་པར་རེ་ཡོད། ནང་གི་རྩོམ་ཀློག་དུས་བརྒྱ་ཆའི་སུམ་ཆ་གཉིས་བརྐུས་རྩོམ་ཡིན།

  ཁྱེད་ཅག་གིས་ཞིབ་འཇུག་ཅུང་ཙམ་བྱོས་དང་དེབ་བཏོན་ཡོད་པ་འགའ་རེའི་ནང་དུ་རྩོམ་འབྲི་ཤེས་མཁན་གཅིག་གཉིས་ལས་མེད་ཀྱང་ལྔ་བཅུ་དྲུག་ཅུ་ལྷག་ཅིག་གིས་གློ་བུར་རྩོམ་འབྲི་ཤེས་འགྲོ་བ་འདི་ཅི་རེད། དྲང་མོར་བཤད་ན་གོང་གི་རྩོམ་འབྲི་ཤེས་མཁན་གཅིག་གཉིས་ཡོད་པ་དེ་ཚོའི་རང་ཉིད་རྩོམ་པ་པོ་ཡིན་པའི་འགན་འཁུར་ཡོད་པ་མ་རེད། ཁྱེད་ཀྱིས་གཞན་ལ་རྩོམ་འབྲི་རོགས་བྱས་ནས་བརྐུས་མ་བརྒྱབ་ན་ཁྱེད་རང་ཉིད་ཀྱང་རྩོམ་རིག་ཕྱོགས་ནས་རྐུ་མ་རེད། ཁྱེད་ཚོ་ནག་ཉེས་ཧ་ཅང་ཆེ།  ད་རེའི་ཕྲན་གྱིས་ཕན་ཚུན་ལ་གུས་བརྩིའི་ཕྱིར་ཏུ་མིང་དངོས་སུ་མི་འདོན་རྒྱུ་བྱེད། རྗེས་སུ་ཡང་ཡང་བརྐུས་ན་གུ་ཡངས་གཏོང་མི་སྲིད་ཁོ་ཐག་ཡིན། ཕྲན་ཡང་རྐུ་མ་ཞིག་ཡིན་ལ་ད་ནས་བཟུང་བཅོས་བསྒྱུར་བྱེད་ངེས་ཡིན། ངས་རྐུ་སྟངས་གོང་གི་དེ་ཚོ་དང་མི་མཚུངས་པ་ཤེས་དགོས་སོ།།
 

    ད་ནི་བོད་ཀྱི་<<དུས་འགྱུར>>་དུས་དེབ་ཀྱི་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་ཞབས་འདེགས་ཞུས་པའི་སྐོར་ཅུང་ཙམ་གླེང་འདོད་བྱུང་།  སྤྱིར་བཏང་བཟང་བ་ལ་བཟང་བསྟོད་དང་ངན་པ་ལ་ལམ་སྟོན་མ་བྱས་ན་བདེན་དྲང་དང་གནས་ལུགས་ལ་བརྩི་འཇོག་མ་བྱས་པ་འདྲ། ངས་དུས་རྒྱུན་ག་ས་གང་ལ་རྩོམ་རེ་འབྲི་ཁུལ་བྱས་ཏེ་རང་གི་འཇོན་ཚོད་ཀྱིས་སྤྱི་ཚོགས་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་དུས་རྒྱུན་དེའི་རིགས་གཅིག་ལ་སྙུག་རྩེ་གཏད་རྒྱུ་མ་ཡིན་པར་ལན་རེ་སྐབས་ཀྱི་གནད་དོན་གླེང་དགོས་པ་ཁ་ཚ་དགོས་གཏུག་ཅིག་རེད།
<<དུས་འགྱུར་>>གྱི་ནང་གི་ཁྱད་ཆོས།   དང་པོ།  <<དུས་འགྱུར>>་གྱི་ནང་དུ་བོད་རྒྱ་གཉིས་ཀྱི་ཡིག་ཐོག་ནས་རྩོམ་ཡིག་སྤེལ་བ།  གཉིས་པ།  “མི་བུའི་སྒལ་སྟེགས་ཞེས་པའི་ནང་དུ་སྤྱི་ཚོགས་སྐྱོན་བརྗོད་ཀྱི་དཔྱད་རྩོམ་དང་འབོལ་རྩོམ་བཞག་འདུག་ལ་དེ་ཚོ་ལ་རིན་ཐང་གྱི་ཆ་ནས་རྟ་རིན་ཞིག་དང་ལུག་རིན་ཞིག་ཡོད་ཁུ།  གསུམ་པ།རང་མོས་བརྒལ་བརྟག་ཅེས་པའི་ནང་དུ། གང་ཟག་སྒེར་གྱི་ལྟ་ཚུལ་དག་ལ་ཚིག་རྒྱན་མཛེས་སྤྲས་དང་། རིག་པའི་རྒྱབ་རྟེན་གྱིས་གནོད་པ་མེད་པའི་རིགས་དང་།  སྤྱི་ཚོགས་ཀྱིས་ཀློག་འདོད་པའི་རྩོམ་རིག་གང་མང་ཞིག་ཆེད་བཀོད་བྱས་ཡོད་པ་ནི་ཧ་ཅང་དགེ་མཚན་ལྡན་པ་ཞིག་རེད།
བཞི་བ།སྙན་ངག་གི་ལྗོངས་ཞེས་པའི་ནང་དུ་དུས་དེབ་གཞན་དག་ལྟར་ལག་ཏུ་གང་ཡོང་ཚང་མ་འགོད་རྐྱང་བྱས་མེད་པར་དངོས་ཡོད་ཀྱི་གསོན་ཉམས་ལྡན་པའི་སྙན་ངག་གི་ལྟ་གྲུབ་སྐོར་དང་། ཡང་ན་ཚིག་དོན་གཉིས་ཐད་ནས་མི་སེམས་སྒུལ་བའི་སྙན་ངག་གི་རིགས་མ་གཏོགས་ཆེད་འགོད་བྱེད་ཀྱིན་མེད་པའང་རྒྱུ་མཚན་ལྡན་པ་ཞིག་རེད། ད་དུང་ལན་རེ་སྙན་ངག་གི་ཕྲན་དཔྱད་རེ་སླེབས་བཞིན་པ་འདིས་བཙན་བྱོལ་སྤྱི་ཚོགས་ཁྱོད་ཀྱི་རྩོམ་རིག་གི་སྟོང་ཆ་ཞིག་ཁ་སྐོང་བཞིན་ཡོད།  ལྔ་བ།སེམས་ཀྱི་ཞལ་ཏ་ཞེས་པའི་ནང་དུ་མཁས་དབང་དང་རྩོམ་པ་པོ་འགའ་རེའི་སེམས་གཏམ་དམར་རྗེན་མ་དག་ཆེད་འགོད་བྱེད་ཀྱིན་འདུག་ལ། དེ་ཚོ་ཀློག་ན་ཕྱོགས་མང་བོ་ཞིག་གི་ཐད་ནས་རང་སེམས་བཅོས་བསྒྱུར་ཐུབ་ངེས་རེད། ཡར་རྒྱས་དང་གོང་འཕེལ་གཏོང་ཐབས་ལ་ཕན་པའི་ལེའུ་ཚན་ཞིག་ཀྱང་རེད། དུས་ཀྱི་དགོས་མཁོ་དང་བསྟུན་ནས་མཚམས་རེ་ལེ་ཚན་ཁ་སྣོན་རྒྱག་བཞིན་ཡོད་ལ། གོང་གི་དོན་ཚན་ལྔ་བོ་དེ་ལ་བསྒྱུར་བཅོས་མེད་པར་རང་འཇགས་བཞག་འདུག
གཞན་རྒྱ་ཡིག་ཕྱོགས་ནས་ལེའུ་ཚན་ཚོ་ལ་དམིགས་བསལ་གྱིས་ངེས་བཟུང་མེད་ཀྱང་གཙོ་ཆེར་བོད་དོན་གླེང་བའི་དཔྱད་རྩོམ་ལེགས་གྲས་སོགས་འགོད་ཀྱིན་འདུག 
<<དུས་འགྱུར>>་གྱི་ཕྱིའི་ཁྱད་ཆོས།  <<དུས་འགྱུར>>་ནི་དུས་ཚིགས་བཞི་རེའི་མཚམས་སུ་སླེབས་པར་ངེས་པའི་དུས་དེབ་ཅིག་རེད། དེ་ནི་མགྱོགས་ཚད་ཀྱི་ཆ་ནས་བཤད་པ་ཡིན། དུས་འགྱུར་གྱི་རིན་གོང་ནི་སྐྱབས་བཅོལ་བའི་གནས་བབ་དང་བསྟུན་སྟེ་ཧིན་སྒོར་བཅུ་ནས་ཉི་ཤུ་བར་རེད། ས་གནས་ཁག་ཅིག་ནས་བཅུ་དང་ཁག་ཅིག་ནས་ཉི་ཤུ་རེད། དེ་ནི་ཕལ་ཆེར་བཙོང་གླ་ཡོད་མེད་ཀྱི་ཁྱད་པར་ཡིན་པ་འདྲ། འདི་ནི་སྐྱབས་བཅོལ་བའི་འཚོ་བ་སྐྱོ་བོའི་ངོས་ཐད་ནས་གླེང་བ་ཡིན།  ལྷག་པར་<<དུས་འགྱུར>>་གྱིས་རྩོམ་ཡིག་ལ་གདེང་འཇོག་དང་རྩོམ་པ་པོ་དག་ལ་བསམ་བློས་སྐུལ་ལྕག་གི་ཕྱིར་ཏུ་རྩོམ་ཡོན་ཧིན་སྒོར་ལྔ་བརྒྱ་ནས་སུམ་བརྒྱ་བར་སྤྲད་ཀྱིན་འདུག ད་ལྟ་ཕལ་ཆེར་སུམ་བརྒྱ་གཏན་ཁེལ་ཡོད་པ་འདྲ། འདི་ནི་རྩོམ་པ་པོ་ཚོ་ལ་གདེང་འཇོག་བྱས་པ་དང་རྩོམ་ཡིག་ཟེར་བའི་རིན་པོ་ཆེ་དེ་ངོས་ཟིན་ཡོད་པ་ཙམ་གྱིས་ངོས་ནས་གླེང་བ་ཡིན།  ད་དུང་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི། <<དུས་འགྱུར>>་གྱིས་མི་བུ་རྒྱུ་ཆེན་དང་དབང་ཆེན་ཚོའི་རྐུབ་ཤ་མི་ལྡག་པ་དང་། མི་དྲག་སྐུ་དྲག་ཀྱི་ལམ་ལུགས་རྒྱུན་སྐྱོང་གི་ཐད་དུ་མི་འགྲོ་བར། དུས་རབས་གསར་བའི་ཁ་ཕྱོགས་དང་བསྟུན་ནས་རྩོམ་ཡིག་དག་འདེམས་རྒྱུ་ཡོད་པ་རེད།  ལྷག་པར་སྐུ་ངོ་ཟེར་བའི་ཡིག་ངོ་ཆོད་ལ་མ་ཆོད་པ་ཚོའི་རྩོམ་ཟེར་བའི་གཞན་གྱིས་བྲིས་པ་དེ་ཚོ་ལ་རེ་བ་མི་འཆའ་བར།  གཞོན་སྐྱེས་བསམ་བློ་བ་ཚོའི་ལྟ་གྲུབ་དང་མངོན་འདོད་ཅན་གྱི་རྩོམ་ཡིག་དག་ཆེད་འགོད་བྱེད་ཀྱིན་ཡོད་པ་རེད།  དཔེར་ན། བཙན་བྱོལ་སྤྱི་ཚོགས་ནང་དུས་དེབ་དང་ཚགས་པར་ཟེར་བའི་ཡིག་ཚོགས་ཀྱི་གད་སྙིགས་གང་མང་ཞིག་མཆིས། འདི་ཚོའི་ནང་དུ་ཁྱིའི་རྔ་མར་བཏགས་པའི་ཚགས་པར་གཅིག་ལས་(བལ་ཡུལ་གྱི་མང་གཙོ་ཚགས་པར)་ད་ལྟ་བྱུང་མེད་ཀྱང་། དོན་དངོས་སུ་ཁྱིའི་རྔ་མར་འདོགས་དགོས་པའི་དུས་དེབ་དང་ཚགས་པར་གང་མང་མང་ཡིན།  དུས་དེབ་དང་ཚགས་པར་དེ་དག་དེ་འདྲ་ཞིག་ཆགས་དགོས་པའི་དོན་ལ་ཕྲན་གྱིས་བསམ་གཞིག་བྱེད་མྱོང་ལ། མཇུག་མཐར་གནད་དོན་ཐག་གཅོད་བྱེད་ཐུབ་ཡོད། ངས་བསམ་གཞིག་གི་ཁྲོད་ནས་འདི་ལྟར་རྙེད་སོང་། དུས་དེབ་དང་ཚགས་པར་ཞིག་འདོན་སྤེལ་བྱེད་པ་ལ་དཔལ་འབྱོར་གྱི་རྒྱབ་རྩ་དགོས་པ་རེད། ཤེས་ཡོན་པ་དང་རྩོམ་པ་པོ་མང་ཆེ་བ་དབུལ་བོ་རེད། དུས་དེབ་དང་ཚགས་པར་བཏོན་སྟེ་བོད་ཀྱི་སྐད་ཡིག་ཡར་རྒྱས་དང་གོང་འཕེལ་བསམ་མཁན་མང་ཆེ་བ་གསར་འབྱོར་བ་རང་ཉིད་ཀྱི་འཚོ་རྟེན་ལ་དཀའ་ངལ་ཡོད་མཁན་རྐྱང་རྐྱང་རེད།  འདི་ཚོས་ཕྱི་རྒྱལ་ན་ཡོད་པའི་རྒྱུ་ཆེན་དང་། ཡང་ན་གཞུང་གི་སྐུ་ངོ་གཡག་འདྲ་བ་རེ་དང་། བླ་མ་དང་སྤྲུལ་སྐུ་ཟེར་བའི་བདེན་པ་དང་རྫུན་མ་གང་ཞིག་ལ་རེ་བ་བརྒྱབས། ཞུ་བ་འཐེན་སྟེ་དུས་དེབ་དང་ཚགས་པར་རེའི་སྦྱིན་བདག་ཁས་བླངས་ན།  ད་བཟོད་སློབ་སྟོན་པ་ཞེས་པའི་མིང་བྱང་བརྗིད་པོ་དེ་ཁོ་ཚོ་སྤྲད་དགོས་པ་རེད།  དེའི་རྗེས་ཁོ་ཚོས་རྩོམ་རིག་སྐོར་མི་ཤེས་པ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་ཀྱང་། དུས་དེབ་དང་ཚགས་པར་དེའི་བརྗོད་བྱ་ལ་ཚད་འཛིན་བྱས་ཏེ་སྔོན་གྱི་སྲོལ་རྒྱུན་གྱི་ལམ་ལུགས་རྙིང་བ་དེ་ཚོ་སོར་བཞག་གི་འགྲོ་དགོས་པ་རེད།  རྒྱུ་མཚན་དེའི་ཕྱིར་ན་དུས་དེབ་དང་ཚགས་པར་གང་མང་ཞིག་གད་སྙིགས་སུ་གྱུར་བ་རེད། དེ་ནི་དུས་རབས་ཀྱི་རྗེས་མ་ཟིན་པས་རེད། དེ་ནི་ཀློག་པ་པོ་ཚོ་ཉོབ་སོང་བས་རེད། དེ་ནི་སྲོལ་རྒྱུན་རྐྱང་བའི་རྩོམ་རིག་གི་ཐུག་པ་ཙམ་འཐུང་མ་འདོད་པར།  དེང་དུས་ཀྱི་རྩོམ་རིག་གི་མོག་ཐུག་རེ་འཐུང་འདོད་པས་ཀྱང་ཡིན་པ་འདྲ། ཕྲན་ལ་རྩོམ་སྒྲིག་པ་ངོ་ཤེས་འགའ་རེས་རྩོམ་རེ་འབྲི་བར་སྐུལ་མ་བཏང་བ་ལྟར་ཕྲན་གྱིས་ཀྱང་རྩོམ་ཉོག་རེ་བྲིས་ནས་བསྐུར་མྱོང་།  ཡིན་ནའང་།  རྗེས་སུ་གོ་ཐོས་ལྟར་ན་སློབ་སྟོན་པའི་ཐུགས་ལ་མ་བབས་པས་ ་རྩོམ་སྒྲིག་པ་ལ་དཀའ་ངལ་མང་དག་་ཅིག་སྤྲད་ཡོད་ཚོད་རེད།   དེ་ཚོ་ལ་བསམ་བློ་བཏང་དུས་བོད་ཀྱི་<<དུས་འགྱུར>>་དུས་དེབ་ལ་སློབ་སྟོན་པ་ཟེར་བའི་མི་དྲག་དང་སྐུ་དྲག  རྒྱུ་ཆེན་ཞིག་གི་མིང་བྱང་དབུ་ལ་བཏགས་མེད་པ་དེས་ཀྱང་ཕན་ཡོད་པ་འདྲ།  ད་ནི་ང་ཚོས་རྒྱུ་ཆེན་ཚོ་ལ་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུའི་དུས་ཚོད་མིན།  ད་ནི་ང་ཚོས་གཡག་དང་འབྲི་ཡི་ཁྱད་པར་མི་ཤེས་པའི་སྐུ་ངོ་ཚོ་ལ་རེ་ལྟོས་འཆའ་དུས་མིན། ད་ནི་ང་ཚོས་ཕྱིར་རྒྱལ་ནས་སྐྱག་པ་ལག་པས་བཀྲུས་ཤིང་། ཕྱིར་ཡོང་སྟེ་རང་རིགས་སྤུན་ཟླ་ལ་རྒྱུ་ངོམ་བྱེད་མཁན་དག་ལ་དགའ་དུས་ཤིག་ཀྱང་མིན། ད་ནི་བདག་ཉིད་བདག་གི་མགོན་དུ་བཟུང་ནས་ཡོད་ཚད་རང་ཉིད་ཀྱིས་ཐག་གཅོད་དགོས་པའི་དུས་ལ་བབ་ཡོད། ད་ནི་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་སྟེ་སྤྱི་ཚོགས་གསར་བ་ཞིག་འཛུགས་སྐྲུན་བྱེད་རྒྱུའི་ཐད་ལ་འབད་དགོས།   ད་ནི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་དང་རྩོམ་རིག་གསར་བཏོད་ཀྱི་མཁན་པོ་དོན་གྲུབ་རྒྱལ་སོགས། བོད་ཀྱིས་སྲོལ་རྒྱུན་སྲོག་ལྟར་འཛིན་མཁན་འགའ་རེས་དམར་གསོད་བཏང་བའི་ལོ་རྒྱུས་དེབ་ཐེར་ནག་པོ་བསྔོག་རྒྱུའི་དུས་ལ་སླེབས་ཡོད།
   མཐར <<དུས་འགྱུར>>་གྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་དང་། ཨ་མདོ་བ་ལ་ཨོང་དོ་མེད་ཅེས་པའི་ཚིག་དེའི་མགོ་གནོན་དུ་བཞུགས་དགོས། མི་དྲག་སྐུ་དྲག་ཚོའི་རྐུབ་ཤ་མི་ལྡག་པར་མི་བུའི་སྒལ་ཚིགས་དྲང་ཐད་ནས་འཛིན་དགོས།  རྩོམ་རིག་ཅེས་པའི་མིང་བརྡ་ཐོག་ཚད་ནང་དུ་མི་འགོད་པར་སྔར་བཞིན་བརྗིད་ཉམས་ངང་བཞུད་དེ་མདུན་བསྐྱོད་ཀྱི་གོམ་ཁ་ནམ་ཡང་ལྷོད་མི་ཉན།
འདི་དག་ནི་དུས་འགྱུར་ལ་ཕུལ་བའི་བདག་གི་རེ་འདུན་གསོན་པོ་དང་། འདི་དག་ནི་རང་ཉིད་དུས་འགྱུར་ལ་དུངས་ཞེན་ཟབ་མོ་ཞིག་ཡོད་པས་ཁ་ནས་འགོག་མེད་དུ་ཤོར་སོང་།  འདི་དག་ནི་རྩོམ་རིག་ལ་དགའ་མཁན་ཞིག་གི་ངོས་ཐད་ནས་ལག་བར་ནས་ཤོག་ངོས་སུ་བྲོས་སོང་བའི་ཚོར་འདུ་ཞིག་ཡིན། ཁ་བྲོ་བདེ་མོ།།2010 /6/13་ཉིན་བྲིས་པའོ།།    དུས་འགྱུར་འདོན་ཐེངས་བཅུ་བཞི་བའི་སྟེང་དུ་བཀོད་ཚར་ཡོད།

0 བསམ་ཚུལ་འདོན་པ།: