རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Tuesday, October 5, 2010
༄༅། །གྲྭ་ཚང་གི་མཁན་རིན་པོ་ཆེ་དང་ཁྲིམས་བདག་དགེ་བསྐོས་རྣམ་གཉིས་གཙོའི་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སྐད་བསྒྱུར་སྡེ་ཚན་ཞིག་དགོས་པར་ཐག་བཅད་པ་ཙམ་མིན་པར། དངོས་སུ་ལག་ལེན་དུ་བསྟར་ཏེ་ད་ལྟ་འགྲོ་བཞིན་པ་རེད།  དེ་ཡང་སྐད་བསྒྱུར་སྡེ་ཚན་ལ་དབྱིན་ཅི་འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཐོན་པའི་ལག་ཁྱེར་ཡོད་མཁན་དང་། གཞན་ལག་ཁྱེར་མེད་ཀྱང་དབྱིན་ཅི་ཡག་པོ་ཡོད་པ་ལ་རྣམས་ལ་རྒྱུགས་སྤྲོད་ཀྱི་ཆ་ཤས་ལེན་བཅུགས་འདུག 
ད་ལོ་མི་ལྔ་བཅུ་ལས་ཉི་ཤུ་རྩ་ལྔ་བདམས་ཡོད་ལ། བདམས་སྟེང་ཐད་ནས་ཀྱང་ངག་ཐོག་དང་ཡིག་ཐོག་གཉིས་ཀྱི་སྒོ་ནས་བདམས་ཐོན་བྱུང་ཡོད།  སློབ་ཁྲིད་ཐད་ནས་གཟའ་འཁོར་གཅིག་གི་ནང་དུ་གུང་གསེང་ཉིན་གཉིས་ལས་མི་འདུག་ལ། འཛིན་གྲྭ་འཚོགས་དུས་ཁྲིམས་བདག་དགེ་བསྐོས་སོགས་ཀྱིས་གཟིགས་རྟོགས་ནན་མོ་བྱེད་ཀྱིན་འདུག   དེའི་དགེ་རྒན་ནི་ཧོ་ལེན་ནས་ཕེབས་པའི་བོད་མིང་ལ་བསྟན་འཛིན་རྣམ་དག་ཟེར་བ་ཁོང་རེད།  ཁོང་ལ་མཚོན་ན་མི་ལོ་༡༥་ལྷག་རིང་སེར་བྱེས་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་མགོ་ཁ་དོག་དཀར་དམར་ནས་ད་ལྟ་དབུ་མ་རྙིང་པའི་འཛིན་གྲྭར་སླེབས་འདུག  དེའི་བར་དུ་ཕར་ཕྱིར་རབ་འབྱམས་པའི་ཕྱག་ཁྱེར་དང་ལོ་རེའི་རྒྱུགས་འབྲས་ཀྱང་ཧ་ཅང་བཟང་  སྐད་བསྒྱུར་སྡེ་ཚན་འདིར་ཞུགས་པའི་དགེ་འདུན་པ་ཕལ་ཆེར་ནང་ཆོས་ཀྱི་གོ་རྟོགས་ཡོད་མཁན་དང་དབྱིན་ཅི་སྐད་ཡིག་ཤེས་མཁན་དག་རེད། འདིའི་ཕྱོགས་ནས་མ་འོངས་པ་ན་རེ་བ་ཆེ་ལ། ད་ལྟའི་དགེ་བཤེས་ཚོ་ཕྱི་རྒྱལ་ཁག་ཏུ་ཕེབས་ཏེ་ནང་ཆོས་མཁྱེན་ཡང་དབྱིན་ཅི་ཕྱོགས་ནས་མི་ནག་མདའ་འཕེན་བྱེད་ཀྱིན་པ་དེ་འདྲ་མི་ཡོང་བར་ཕན་ངེས་རེད།  དཔེར་ན། ད་ལོའི་སྐད་བསྒྱུར་སྡེ་ཚན་གྱི་སློབ་མ་བདམས་དུས་ཡིག་ཐོག་དང་ངག་ཐོག་གཉིས་ཀྱི་སྟེང་ནས་ཨང་དང་པོ་ལེན་མཁན་མངའ་རིའི་བསྟན་འཛིན་འཕྲིན་ལས་ལ་མཚོན་ནས་ཞུས་ན།  སེར་བྱེས་གྲྭ་ཚང་གི་དབུ་མ་རྙིང་པའི་འཛིན་གྲྭར་སླེབས་ཡོད། ཁོང་གིས་ཕར་ཕྱིན་སྐབས་འཛིན་གྲྭའི་ནང་གི་ཨང་དང་པོའི་དང་པོ་ཐེངས་ཁ་ཤས་ལ་བླངས་མྱོང་ལ། ཕར་ཕྱིན་རབ་འབྱམས་ཨང་རིམ་དང་པོའི་དང་པོའི་ཕྱག་ཁྱེར་ཐོབ་ཡོད། དབུ་མའི་སྐབས་སུ་ཡང་ཨང་རིམ་དང་པོའི་དང་པོའི་བྱ་དགའ་བླངས་འདུག  འདི་ལྟར་ནང་ཆོས་ཕྱོགས་ནས་ཤེས་རྟོགས་ཡོད་མཁན་ཧ་ཅང་མང་། རྒྱུ་མཚན་དེའི་ཕྱིར་སྐད་བསྒྱུར་སྡེ་ཚན་འདི་ལ་རིན་ཐང་ཞིག་ཅི་ནས་ཀྱང་འཇོག་དགོས་པར་མཐོང་ངོ་།། དེ་མིན་གདན་ས་ཁག་ལ་༧གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་དགོས་པའི་ཐད་བཀའ་སློབ་གང་མང་ཕེབས་ཡོད་ཀྱང་མ་ཤེས་ཁུལ་བྱས་ནས་བཞག་ཡོད།  བཀའ་སློབ་དེ་ཚོ་ལག་ལེན་བསྟར་ན་༧གོང་ས་མཆོག་ལ་བརྟན་བཞུགས་དེ་ལས་ལྷག་ཅིག་མི་དགོས་མོད།   འོན་ཀྱང་ལས་སྣེ་ཚོས་བརྟན་བཞུགས་དང་ཞབས་རིམ་ཟེར་དུས་སྒྲོལ་མ་འདོན་རྒྱུ་དང་བཀའ་བསྟན་ཀློག་རྒྱུ་ཞིག་ལ་ངོས་འཛིན་པ་ནི་ནོར་བ་རེད་སྙམ། གོ་ཚོད་ལ་སེར་བྱེས་མཁན་རིན་པོ་ཆེ་གཙོའི་གྲོས་ཚོགས་འཐུས་མི་ཚོས་གཞུང་ཆེན་བཀའ་པོད་ལྔའི་སྟེང་དུ་རིགས་གཅིག་རྐང་འཛིན་ཇི་ལྟར་དགོས་པར་ཐུགས་བསམ་བཞེས་ཀྱིན་འདུག་ཅེས་ཟེར། འདི་ལྟར་བྱས་ན་དགོན་སྡེ་ཁག་ལ་དོན་མེད་སྐྱོན་བརྗོད་དང་གྲྭ་བ་ཟེར་དུས་ཤེས་ཡོན་མེད་པའི་སྡེ་ཞིག་ལ་ངོས་འཛིན་བྱེད་མཁན་གྱི་མི་བུ་ཚོའི་ལོག་རྟོག་ངན་པ་དེ་སེལ་ངེས་རེད་སྙམ།

0 བསམ་ཚུལ་འདོན་པ།: