རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
-
སློབ་སྟོན་པ་ཟེར་བའི་དབང་འོག་ནས་ཐར་བའི་ << དུས་འགྱུར >> སྤྱིར་བཏང་བྱེས་ཀྱི་སྤྱི་ཚོགས་ནང་དུ་གཞུང་སྒེར་གྱི་དུས་དེབ་ཁ་གྲངས་མི་...
-
ངས་རྒྱུན་རིང་བོ་ཞིག་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་ཞེས་པའི་མིང་ཚིག་འདིའི་དོན་ལ་བསམ་གཞིག་ཅིག་བཏང་བ་ཡིན་མོད། རང་ལ་ཤེས་ཡོན་དམན་དྲགས་པའི་རྐྱེན་གྱིས...
-
རྩོམ་རིག་གི་བརྗོད་བྱ་ལས་གནའ་དེང་གི་རྩོམ་རིག་གླེང་བ། ཐོག་མའི་གཏམ། དེ་རིང་ངས་འདིར་མཐོ་བ་དང་དམའ་བ། ཆེན་པོ་དང་ཆུང་ངུའི་དབྱེ་འབྱེད་མེད་པར་འདིར་འ...
-
ཁག་ གཉིས་ པ། བོད་ ཀྱི་ ཡིག་ ཐོག་ རྩོམ་ རིག་ གི་ འཕེལ་ རིམ་ གླེང་ བ། མདོར་ ན་ བོན་ གྱི་ དུས་ སུ་ གླུ་ བ་ སྒྲུང་ བ།གཉེན་ དང་ གྱོད་ བཤད་ མཁན་ མ...
-
བསམ་འཆར་བཤད་ན་གོང་གི་ཟིན་བྲིས་གཞན་དག་ཀློག་ནས་བཤད་རོགས། དེ་མིན་ཕྱོགས་མང་བོ་ཞིག་ནས་གོ་ནོར་ཐེབས་སྲིད། སྤྱིར་བཏང་སྐད་ཆ་རིང་དྲགས་ནས་ཟིན་བྲིས་གཅི...
-
ཚོགས་ ཆུང་ ཁག་ ཅིག་ གིས་ འདི་ ལྟརདུས་ ཚོད་ འཕྲོ་ བརླག་ ཏུ་ བཏང༌། སྤྱིར་ བཏང་ བོད་ གཞུང་ མང་ རྒྱལ་ ཡོངས་ ཚོགས་ ཆེན་ ཐེངས་ དང་ པོ་ འདིར་ ཕྱོགས...
-
རྒྱང་འཕེན་པ་དཀར་འདོན་བྱེད་རྒྱུ་ཡོད་དམ། སྤྱིར་བཏང་བོད་ཡིག་ལ་དུང་བ་དང་བོད་སྐད་ལ་འབད་ན་ངའི་སེམས་ངོགས་ན་མི་དེ་ནི་གྲོགས་པོ་ཡག་ཤོས་ཤིག་གི་ཚད་ནས...
-
གྲྭ་བཙུན་ཡིན་མིན་ལ་དཔྱད་པ། སྤྱིར་བཏང་དེ་རིང་ཁོ་བོས་འབྲི་འདོད་པ་འདི་ནི་སྔོན་གྱི་མཁས་དབང་དག་གིས་གསུངས་ཟིིན་ན་ཡང་། ད་ལྟའི་དུས་སུ་མང་བོ་ཞིག་གིས...
-
སྤྱིར་ བཏང་ ནང་ པ་ ལབ་ ན་ ཧ་ ཅང་ དཀའ་ བའི་ གནས་ ཤིག་ རེད། ཁྱོད་ རང་ གི་ ཕ་ མ་ ནང་ པ་ ཡིན་ པ འི་ རྒྱུ་ མཚན་ གྱིས་ ཁྱོད་ རང་ ནང་ པ་ ཡིན་ པར་ ས...
-
༄༅།། ལམ་ ལབ་ དུས་ ཡོད་ ཚད་ ཀྱི་ སེམས་ ལ་ ཏན་ ཏན་ མ་ འདྲ་ བ་ རེ་ འཆར་ སྲིད།ངས་ དེ་ རིང་ འབྲི་ བཞིན་ པའི་ ལམ་ འདི་ ཐོག་ མ་ གང་ ནས་ བྱུང་ རྩོད...
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Monday, January 10, 2011
གྲོགས་པོ་ཨ་རིག་དགེ་མཐོང་ལ་ཕུལ་བ།
འཕྲིན་བསྐུར་མཁན། ཁྲག་ཐིགས།
ཨ་རིག་དགེ་མཐོང་ཨ་ཇོའི་འགྲམ་ནས་སྐྱིད་ན་ཡང་། །
ཨ་ཁུ་ཁྲག་ཐིགས་ཨ་མདོའི་ཡུལ་ནས་སུན་གི་འདུག།
ཨ་བོ་སྨྱོན་པས་ཨ་ཇོ་དྲན་གི་འདུག་གི་མོད།།
ཨ་ཞིང་ཚང་གིས་ཨ་བོས་དངོས་གནས་མི་གཏོང་གི།
ཨ་རིག་ཨ་ཁུར་ཨ་ཁུ་ཁྲག་གིས་འདི་ལྟར་ལབ།།
ཨ་བོའི་ཨམ་སྐད་ཨ་ཁུའི་སེམས་ལ་ཨེ་འགྲོ་གི།
ཨ་རིག་ཨ་ཁུས་ཨམ་སྐད་ལབ་ཀྱིན་མི་འདུག་མོད།།
ཨ་མདོའི་ཨ་བོ་ཨ་རིག་སྐད་ལ་དགའ་གི་ཡོད།།
དགེ་མཐོང་ཚང་གི་ཁྱད་ཆོས་བཤད་ན་འདི་འདྲ་རེད།།
གསར་རྙིང་རྩོམ་ལ་ཁྱད་པར་མེད་པར་འབྲི་ཚོད་རེད།།
རིགས་ལ་ཞེན་པའི་སླད་མེད་བརྩེ་སེམས་ཡོད་ཚོད་རེད།།
གཞན་ཕན་ལྷག་བསམ་གཙང་མ་ཤིག་ཀྱང་གདའ་ཚོད་རེད།།
གྲྭ་རྒན་ཨ་དགེའི་ཁྱད་ཆོས་བཤད་ན་འདི་འདྲ་རེད།།
མིག་ལ་བཙོག་པའི་བྱ་བ་ཅི་ཡོད་དགག་ཚོད་རེད།།
སེམས་ལ་ཡོད་པའི་སྐད་ཆ་ཅི་མཆིས་བཤད་ཚོད་རེད།།
ཚོར་བ་རྗེན་པའི་སྙན་ངག་ཤོག་ངོར་ཕབ་ཚོད་རེད།།
ཕྱི་ལ་སོང་ནས་མི་ལོ་བཅུ་ལྷག་འདས་ན་ཡང་།།
ཕྱིར་ལ་ཡོང་ནས་ཕ་ཡུལ་ལྟ་འདོད་ཨེ་ཆེ་གི།
ཨ་རིག་ཨ་ཁུ་ཨ་མདོའི་རྣམ་པ་ཨེ་དྲན་གི།
ཨ་ནེ་ཨ་ཅེ་ཨ་བོ་སོགས་ཀྱང་ཨེ་དྲན་གི།
གྲོགས་ཁྱོད་བུ་ངའི་དོན་དག་འགའ་ཡང་བཅོས་དགོས་ཀི།
ཨ་ཇོར་མཇལ་ན་བུ་ངས་གླེང་གིན་ཡོད་ཚུལ་གསུངས།།
གླེང་བ་མ་ཟད་དྲན་པ་ལོ་འགའ་མིན་ཚུལ་ཤོད།།
ཕུ་ནུ་ཚོགས་ཀྱིས་སྒུག་སྒུག་ལོ་ཟླ་འདས་ཟིག་གསུངས།།
གང་ལྟར་འུ་གཉིས་གྲོགས་སུ་གྱུར་བ་སྔོན་གྱི་ལས།།
ལས་འདིར་མཐོ་དམན་སུས་ཀྱང་བཅོས་ཐབས་མི་འདུག་སྙམ།།
སྙམ་པ་མ་ཟད་དོན་དངོས་ཤིག་ཀྱང་ཡིན་གྱུར་ན།།
ན་བ་ཚ་གསུམ་ཁྱེད་ལ་མེད་པའི་སྨོན་ལམ་འདེབས།།
འཕྲིན་ཡིག་ཁྲག་ཐིགས་མ།
ཡུལ་མདོ་སྨད་ན་བཞུགས་པའི་དྲ་གྲོགས་ཁྲག་ཐིགས་ལ་སྤྲིངས་པ།
ས་མཐར་འཁྱམས་པ་རང་གིས་བདམས་པ་ཡིན།།
སེམས་པ་སྐྱོ་ཡང་བཅོས་ཐབས་མ་མཆིས་སོ།།
ས་ལའི་སྨན་ལྗོངས་མདོ་སྨད་ས་ཕྱོགས་ཀྱི།།
སེམས་མཐུན་དྲ་གྲོགས་ཁྲག་ཐིགས་བདེ་ལེགས་སམ།།
ཨ་རྟགས་དམར་པོ་བརྒྱབས་པའི་འཕྲིན་ཡིག་དེ།།
ཨ་རིག་དགེ་མཐོང་བདག་ལ་འབྱོར་བྱུང་ངོ་།།
ཨ་ཇོ་ངེད་གཉིས་དྲན་པའི་ན་ཟུག་དེ།།
ཨ་མས་བུ་ལ་གཟིགས་དང་མཚུངས་པ་རྟོགས།།
བོད་ཡིག་བོད་སྐད་གླེང་ནས་གྲོགས་པོར་གྱུར།།
བོད་མིའི་བདེ་སྡུག་བྲིས་ཏེ་འདྲིས་པ་ཡིན།།
བོད་ཡིག་སུམ་རྟགས་ཟུང་ལ་རྨོངས་ན་ཡང་།།
བོད་མིའི་འགན་འཁྲིའི་སྟེང་ནས་འབད་ཀྱིན་ཡོད།།
ཧ་ཅང་སྙན་པའི་སྙན་ངག་འབྲི་མྱོང་མེད།།
ཧ་ལམ་བྲིས་པ་དག་ཀྱང་འགྲིག་འདུག་སྙམ།།
ཧ་ལས་ཧང་སངས་དགོས་པ་མ་མཆིས་ཀྱང།།
ཧ་ཧ་ཀུ་རེ་མཚར་གཏམ་སྐྱིད་པོ་ཡོད།།
ད་ལོ་ལམ་འགྲོ་ཡར་ངོས་ཟླ་བཞིན་རེད།།
ད་ནས་བཟུང་སྟེ་དོན་དངོས་བརྩོན་རྒྱུ་ཡིན།།
ད་ལམ་བྲིས་པ་དག་ལ་རིན་ཐང་མེད།།
ད་ཕྱིན་ལེགས་པའི་ཕྱོགས་སུ་འབད་ངེས་སོ།།
གྲྭ་བ་འདུག་ས་གྲྭ་ས་ཡིན་མོད་ཀྱང་།།
དྲ་རྒྱ་བསྡོག་ན་ཉེས་པ་མ་མཐོང་ངོ་།།
གྲྭ་ལོག་ལྟས་ངན་ཟེར་ནི་མང་ན་ཡང་།།
དྲང་བདེན་སྲུང་ན་དེ་འདྲས་ཅི་ལ་གནོད།།
ཁྲག་ཐིགས་བཞུར་རྒྱུན་མ་ཆད་ཡ་མཚན་ནོ།།
ཁྲག་འཐུང་ཧེ་རུ་ཀ་དང་མཚུངས་པ་དེ།།
ཁྲག་ཐིགས་མིང་བཏགས་ཁྲག་གི་ཁ་མདོག་ཅན།།
ཁྲག་རྩ་མ་རྫོགས་བར་དུ་ཧྲ་ལ་བྱོས།།
གྲུབ་མཐའ་རིས་མེད་ཀུན་ལ་སྦྱངས་ན་ཡང་།།
གྲུབ་འབྲས་འདི་ཡིན་ཟེར་རྒྱུ་དཀའ་མོ་རེད།།
གྲུབ་རྟགས་ཡོད་ཅེས་མང་ཚོགས་བསླུ་མྱོང་མེད།།
གྲུབ་དང་མ་གྲུབ་ཕྱོགས་སུ་རྨོངས་པ་མིན།།
བདེ་མོ་ཚིག་གི་གཅོད་མཚམས་འདི་ནས་འཇོག།
བདེ་ལེགས་ཁ་གཡང་འབོད་པ་བོད་པའི་སྲོལ།།
བདེ་ལྡན་མགོན་པོའི་ཞིང་དུ་མ་སྐྱེས་ཀྱང་།།
བདེ་སྐྱིད་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ།།
འདི་ནི་ཉེ་སྔོན་འཇང་དགུན་ཆོས་དུ་འགྲོ་ཁར་འབྱོར་བའི་དྲ་གྲོགས་ཁྲག་ཐིགས་ཀྱི་འཕྲིན་ཡིག་གི་ལན་དུ། སྙན་ངག་ལ་དུང་བ་ཟབ་པའི་ཨ་རིག་དགེ་མཐོང་གིས་ལྷོ་ཕྱོགས་མ་ལ་རི་ཡཱི་ཉེ་འདབས་ནས་
༢༠༡༡་ལོའི་ཟླ་༠༡་ཚེས་༠༣་ཉིན་སྨྲས་པའོ།།
Subscribe to:
Post Comments (Atom)
1 བསམ་ཚུལ་འདོན་པ།:
གྲོགས་པོ་ལགས། ཁྱེད་ཀྱིས་འདི་འདྲ་ཞིག་ཉར་ཡོད་པ་དེ་རིང་མ་གཏོགས་མཐོང་མ་སོང་། བཀའ་དྲིན་ཆེ། ཡག་པོ་འདུག རྟེན་འབྲེལ་ཞུ།
Post a Comment