རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Thursday, October 14, 2010

 ཉེ་སྔོན་བདག་གིས་གྲྭ་ས་དང་དགོན་སྡེ་ཁག་ལ་ཤ་ཞེན་ཡོད་པའི་ཐོག་ནས་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱ་ནང་དུ་བཏང་བ་ཡིན།  དུས་བབ་ནས་གསར་འགོད་པ་འགའ་ཤས་ཀྱིས་དྲ་རྒྱ་གཞན་དུ་བཏང་འདུག་ལ། ཁ་བྱང་ལ་༼གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུའི་དན་རྟགས་ཤར་བ༽་ཞེས་བྲིིས་ཡོད།  དྲ་རྒྱ་དེ་དག་གི་ནང་དུ་མཁས་བླུན་དབྱེ་འབྱེད་མེད་པས་བསམ་འཆར་བྲིས་འདུག་ལ།  སྐྱ་སེར་གཉིས་ཀྱིས་མི་ཤེས་ཤེས་མདོག་བསྟན་ནས་མཆན་བཏབ་སོང་། ཕོ་མོ་ཁྱད་པར་མེད་པས་སྐད་ཆ་མགོ་མ་ཚོས་པ་མང་བོ་ལབ་འདུག དཔེར་ན།   ཀློག་མཁན་རེ་ཟུང་མ་གཏོགས་ཕལ་ཆེ་བས་གྲྭ་ས་གྲྭ་རྒྱུན་གྱི་སྟོང་སོང་ན་ཡག་པོ་རེད། མི་རིགས་ཡར་རྒྱས་དང་གོང་འཕེལ་འགྲོ་གི་རེད་ལ། གྲྭ་བའི་སྤུས་ཀ་ཇེ་གཙང་ཡིན་ནི་རེད་ལབ་འདུག  ད་དུང་འགའ་ཤས་ཀྱིས་༧གོང་ས་མཆོག་གིས་གྲྭ་པ་སྤུས་དག་དགོས་པ་རེད།  ཁ་གྲངས་ལ་མི་ལྟོས་དོན་གྲངས་ལ་ལྟོས་ཞེས་གསུངས་ཡོད་རེད་ཅེས་མཁས་ཉམས་དང་བཅས་རང་མཚང་ཕྱིར་བཏོན། 
  ཡིན་ན་འང་བཀའ་གསུང་དེའི་དོན་ཁྱེད་ཅག་གིས་ཤེས་ཡོད་ས་མ་རེད། གསུང་དེའི་དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་མཁན་ཞིག་དང་གནའ་དེང་གི་ཤེས་བྱ་གང་ལ་མི་རྨོངས་མཁན་ཡོད་ན་བཟང་གི་གསུངས་པ་རེད། གསུང་དེའི་ཤུགས་ལ་དེ་འདྲ་མི་ལྡན་མཁན་ཚོ་གྲྭ་ས་ལ་མི་མཁོ་ཞེས་བཀའ་ཕེབས་མེད། ལྷག་པར་གྲྭ་སའི་དགེ་འདུན་པ་འགའ་རེས་ངའི་རྩོམ་ཡིག་དེའི་འོག་ཏུ་མཆན་ནམ་བསམ་འཆར་བྲིས་པ་མཐོང་རྗེས་བདག་སེམས་ལ་སྐྱོ་སྣང་དང་ཨ་ཐང་ཆད་དགོས་བྱུང་། ཁྱེད་ཚོ་དཔེ་ཆ་ཤེས་འདོད་མཁན་དག་གིས་རྒྱལ་བའི་བཀའ་གསུང་ལོག་འགྲེལ་དང་། གྲྭ་ས་གྲྭ་རྒྱུན་གྱི་སྟོང་ན་བཟང་གི་ལབ་དུས་ང་རང་བཞིན་གྱིས་ཁྱོད་ཚོ་ལ་ཧང་སངས་སོང་། མི་སྐྱ་ཚོ་ལ་ཁག་མེད་གྲྭ་ས་དང་གྲྭ་བ་ལ་རྒྱུས་མངའ་མེད།  མི་སྐྱ་མང་ཆེ་བའི་ངོར་གྲྭ་བ་ལབ་དུས་ཕལ་ཆེར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་མཁན་ཞིག་ལ་འདོད། ད་དུང་གྲྭ་བ་ལབ་དུས་རས་དམར་པོ་གྱོན་མཁན་དག་ལ་ངོས་འཛིན་མཁན་ཤིན་ཏུ་མང་། དེའི་ཕྱིར་གྲྭ་པ་ཚོས་ཅིག་ཅིག་ཉིག་ཉིག་བྱས་སོང་། ཡག་པོ་མི་འདུག་ཅེས་ལམ་སེང་ཁ་གཏོང་གིན་ཡོད་པ་རེད།  གྲྭ་བ་ཚོས་གྲྭ་བ་ཟེར་ན་རྩ་བཞི་ལྡན་མཁན་ཞིག་ལ་ངོས་འཛིན་རྒྱུ་ཡོད་ལ་དོན་ལ་ཡང་དེ་བཞིན་གནས་སོ།།  དེའི་ཕྱིར་གྲྭ་བས་གྲྭ་བ་སྡུག་ཆག་མཐོང་མཁན་ཉུང་བ་དེ་རེད་མ་གཏོགས། གྲྭ་བ་ཚོས་གྲྭ་བའི་ཞེན་ཁོག་བཟུང་སྟེ་ཕན་ཚུན་ལ་ཁ་མ་བཏང་བ་དེ་འདྲ་མ་རེད།  གནས་སྟངས་འདི་ཚོ་དགེ་འདུན་པ་དག་གིས་ཤེས་དགོས་པ་རེད་མ་གཏོགས། བོད་མིའི་ནང་དུ་དེང་སང་ནང་བསྟན་ཆོས་ལུགས་ནི་སྤྱི་ཚོགས་ཡར་རྒྱས་དང་གོང་འཕེལ་ལ་གནོད་པའི་དུག་ལྟར་ངོས་འཛིན་བྱེད་མཁན་ཡོད་པ་རེད། ད་ནི་གྲྭ་བས་གྲྭ་ས་སྟོང་ན་སེམས་ཁྲལ་མི་བྱེད། མི་སྐྱ་ཚོ་བཤད་མ་དགོས་པ་རེད། ད་ནི་ལོ་ན་རྒས་པའི་ཕོ་མོ་འགའ་རེ་འཆི་བ་ལ་སྐྲག་པ་དང་། བོད་ཀྱི་བླ་རྒན་ཀླད་རྙིང་འགའ་རེ་མ་གཏོགས་གྲྭ་ས་གྲྭ་རྒྱུན་གྱི་སྟོང་སོང་ན་སེམས་ཁྲལ་ཡོད་ས་མ་རེད། འོན་ཀྱང་ཕྲན་ནི་ཨ་རིག་གླེན་པའི་རྒྱུད་པ་ཡིན་པས་ཆོས་སེམས་ཆེ་བ་ངེད་ཚང་གི་མེས་པོ་གོང་མ་ཚོའི་དད་སྟོབས་ལས་རྟོགས་ཐུབ། བདག་ལ་མཚོན་ན་གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུ་རེད་བསམ་ནས་རང་ཚོད་ཀྱིས་སེམས་སྡུག་ཅིག་ཡོད། སྡུག་གཅིག་གི་སྟེང་དུ་གྲྭ་བའི་ནང་དུ་གྲྭ་ས་གྲྭ་རྒྱུན་གྱི་སྟོང་ན་ཡག་པོ་རེད་གསུངས་མཁན་བྱུང་དུས་སྡུག་གཉིས་བརྩེགས་ཆགས་སོང་ངོ་།།   


 ༧རྒྱལ་བ་རིན་པོ་ཆེས་དུས་རྟག་ཏུ་གྲྭ་བའི་ཁ་གྲངས་ལ་མི་ལྟོས་དོན་གྲངས་ལ་ལྟོས་ཞེས་གསུངས་པ་བདེན་པ་རེད།
སྔོན་གྱི་གདན་སའི་ཕྱག་སྲོལ་བཟང་བོ་ལམ་རིམ་འཆད་འཁྲིད་དེ་༧གོང་ས་མཆོག་གི་བཀའ་དགོངས་བཞིན་སེར་བྱེས་གྲྭ་ཚང་གིས་དངོས་སུ་ཟླ་སྔོན་མ་ནང་འཚོགས་ཤིང་སྐབས་དེར་ལམ་རིམ་འཆད་ཁྲིད་དང་འབྲེལ་བའི་སྒོ་ནས་མཁན་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་གིས་གསུངས་དོན།  དེང་སང་གྲྭ་ས་ཁག་གི་གྲྭ་རྒྱུན་ཉུང་རུ་འགྲོ་འདུག གཙོ་བོ་ཕྱི་རྒྱལ་ལ་ཕེབས་མཁན་དང་བོད་ལ་ཕེབས་མཁན། གཞན་ངྷ་ས་སོགས་འཁྱམས་བསྡད་མཁན་ཡོང་གི་འདུག  ཁག་ཅིག་གིས་དཔེ་ཆ་བལྟས།ཚོགས་ཆོས་གྲྭ་ཕེབས། འཛིན་གྲྭ་ནང་གི་ཡག་ཤོས་གྲས་མིན་ན་ཞགས་མགོ་རེད་བསམ་ནས་ཕྱིར་ལ་བཏོན་གིན་འདུག དེ་ཡག་པོ་མ་རེད། མི་ལ་བློ་རབ་འབྲིང་ཐ་གསུམ་ཡོད་པ་རེད། བསམ་པ་རྣམ་དག་གིས་ཚོགས་ཆོས་གྲྭ་ཕེབས། ཞལ་འདོན་ཡག་པོ་གསུངས་ན་དཔེ་ཆ་མ་ཤེས་ཀྱང་སེམས་ཕམ་དགོས་དོན་མི་འདུག་ག  གྲྭ་ས་གྲྭ་ཚང་གི་སྒྲིག་ཁྲིམས་རྩིས་ན་དེ་ནས་སྐྱེ་བ་ཕྱི་མ་ཡག་པོ་ཆགས་རྒྱུ་རེད། ང་ཚོས་བག་ཆགས་ཁས་ལེན་གི་ཡོད་པ་རེད། དེས་ན་ཐོས་པའི་ཕན་ཡོན་ཡོད་པ་རེད་ཅེས་བཀའ་སློབ་ཐུང་ངུ་འདིས་ཀྱང་གྲྭ་རྒྱུན་ཇེ་ཉུང་འགྲོ་བཞིན་པའི་གནད་འགག་གི་ཕྱོགས་གཅིག་གླེང་འདུག
སྤྱིར་བཏང་ཁ་སང་དེ་རིང་༧གོང་ས་མཆོག་གི་བཀའ་ལོག་འགྲེལ་བྱེད་མཁན་ཇེ་མང་རེད་ལ། ལྷག་པར་གདན་ས་གཙོའི་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་མང་། ད་དུང་མཁས་པ་ཡིན་ཟེར་མཁན་ཚོའི་ནང་དུ་གང་ནས་བསྡད་ཡོད། འདི་ནི་བསམ་གཟས་ནས་བཀའ་ལོག་འགྲེལ་བྱས་པ་མིན་པར་བཀའ་སློབ་ཀྱི་དགོངས་དོན་མ་རྟོགས་པས་སྐྱོན་ཞིག་རེད། དཔེ་མཚོན་ཙམ་ཞུས་ན།  ༧གོང་ས་མཆོག་གིས་གྲྭ་བའི་ཁ་གྲངས་ལ་མི་ལྟོས་དོན་གྲངས་ལ་ལྟོས་ཟེར་བ་འདྲ་བོ་དང་། མི་རིགས་ཡར་རྒྱས་དང་གོང་འཕེལ་གཏོང་དགོས་པ་རེད་ཅེས་བཀའ་ཕེབས་པ་འདྲ་བོ། དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་རྒྱུ་གལ་ཆེན་རེད་འདྲ་བོ།  ལྷག་དོན་གདན་ས་ཁག་ལ་མཚོན་ན་ཆོས་གྲྭ་ནང་ནས་རྟགས་གསལ་ཚ་བོ་གཏོང་མཁན་དང་རིག་ལམ་གྱི་འགྲོས་ཡག་པོ་ཡོད་མཁན་ཚོ་ལ།  འཛིན་གྲོགས་འགའ་རེས་འཕག་ཚག་བརྒྱབ་ནས་ཅི་ཕན། ༧གོང་ས་མཆོག་གི་གཞུང་དོན་ལ་བསམ་བློ་གཏོང་དགོས་རེད་གསུངས་པ་མ་གོ་ནས་ཞེས་ཟུར་ཟ་བྱེད་པ་རེད། དེ་དང་དེ་ལ་སོགས་པའི་གནད་འགག་ཅན་མང་བོ་གླེང་རྒྱུ་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་མ་བྲིས། 
མཇུག་གི་ལྟ་སྟངས་འདིའི་ཐད་དུ་བཀའ་གསུང་ཞིག་དྲངས་ན  བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས་ལས། སློབ་སྦྱོང་བྱེད་སྟངས་དེ་ཡང་ཞལ་འདོན་སྐྱོར་བ་ལྟ་བུ་དང་འདོན་པ་སྐྱོར་བ་གཅིག་པུའི་སྐད་ཆ་མིན་པར་སློབ་སྦྱོང་གི་ཐོག་ནས་འགྲོ་དགོས། སློབ་སྦྱོང་བྱེད་རྒྱུའི་ཐབས་ཤེས་ཡག་ཤོས་ཤིག་ངས་གོང་དུ་བརྗོད་པ་ལྟར་ཕྱྭ་པ་ཆོས་སེང་ཡབ་སྲས་ནས་བཟུང་བྱུང་བའི་རྟགས་གསལ་གཏོང་བའི་སྲོལ་དེ་ཉིད་དོན་གང་དང་གང་ཡིན་ནའང་དེ་གྲིས་བཅད་པ་ལྟར་གྱི་ཐག་ཆོད་པོ་དང་གསལ་པོ་ཡོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། ཅེས་གསུངས་སོ།།
 སྔོན་མ་གསུང་ཆོས་ཤིག་གི་སྐབས་སུ་༧རྒྱལ་བ་དོན་གྱི་བདག་པོས་བོད་དུ་དར་བའི་ནང་ཆོས་དང་བོད་ཀྱི་རིག་གཞུང་ཉམས་ན་ངས་བོད་ཀྱི་རྩ་དོན་རྩོད་དགོས་དོན་མེད། བོད་ཀྱི་ནང་ཆོས་དང་བོད་ཀྱི་རིག་གཞུང་དེས་སེམས་ཅན་ཐམས་ཅན་ལ་ཕན་པ་དང་འཛམ་གླིང་ཞི་བདེ་ཞིག་ཡོང་བར་ཏན་ཏན་ཕན་རྒྱུ་རེད། དེ་ཡིན་དུས་ སྔོན་གྱི་དཔལ་ན་ལེན་ཌྲ་དང་པན་གྲུབ་བཅུ་བདུན་གྱི་རང་ལུགས་དྲི་མ་མེད་པ་འཛིན་མཁན་དེ་ད་ལྟ་འཛམ་གླིང་ན་བོད་པ་ཆགས་ཡོད། དེ་ལས་ཀྱང་ཕར་དེད་ན་བོད་ཀྱི་གདན་གསུམ་དང་རིས་མེད་ཀྱི་དགོན་སྡེ་ཁག་ལ་རག་ལས་ཡོད། ཁྱེད་ཚོ་དགེ་འདུན་པ་དག་གིས་ཤུགས་རྒྱོབས་ཨང་ཞེས་བཀའ་ཕེབས་པ་ངའི་སེམས་ནང་དུ་ད་དུང་གསལ་ལྷང་ངེ་རེད། ཁྱེད་ཅག་གིས་གྲྭ་ས་གྲྭ་རྒྱུན་གྱི་སྟོང་ན་མི་རིགས་ཡར་རྒྱས་དང་སྤྱི་ཚོགས་ཇེ་ལེགས་སུ་འགྲོ་གི་རེད་ལབ་དུས།  ངས་བཀའ་སློབ་འདི་ཚོ་རང་བཞིན་གྱི་ལྕི་ཁོག་ཆེ་བ་དང་གྲྭ་བ་ཚོ་ལ་བསླབ་བྱ་དམིགས་བསལ་བ་ཞིག་ཡིན་པར་ཚོར་གི  འོན་ཀྱང་མིན་ཡང་སྲིད། གང་ལྟར་གྲྭ་རྒྱུན་གྱི་སྐོར་གླེང་དུས་ང་ལ་ཁྱེད་ཚོ་ལས་སེམས་ཁྲལ་ལྷག་མ་ཞིག་འདུག དེ་ནི་རྨོངས་ཞེན་ཡིན་ནམ་རྣམ་དཔྱོད་ཀྱི་ཤེས་རབ་ཅིག་ཡིན་མིན་ཁ་ཚོན་གཅོད་པར་དཀའོ
སྔོན་བདག་གིས་གྲྭ་ས་དང་དགོན་སྡེ་ཁག་ལ་ཤ་ཞེན་ཡོད་པའི་ཐོག་ནས་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱ་ནང་དུ་བཏང་བ་ཡིན།  དུས་བབ་ནས་གསར་འགོད་པ་འགའ་ཤས་ཀྱིས་དྲ་རྒྱ་གཞན་དུ་བཏང་འདུག་ལ། ཁ་བྱང་ལ་༼གྲྭ་ས་གྲྭ་རྒྱུན་གྱི་སྟོང་


0 བསམ་ཚུལ་འདོན་པ།: