རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Saturday, October 16, 2010
   དེ་རིང་ནི་ཕྲན་ཕ་ཡུལ་དང་ཁ་གྱེས་ནས་བགྲང་བྱ་བཅུ་གཅིག་རེད། དེའི༷་རིང་ཕ་ཡུལ་གྱི་གཉེན་ཉེ་འབྲེལ་དང་རི་ཆུ་ནགས་གསུམ་དྲན་པའི་གདུང་བ་སེམས་ཀྱིས་མི་བཟོད་ཀྱང། སྟག་ཤར་ཞིག་གི་རང་ཚུགས་བཟུང་ནས་སྨན་ཆུང་བུ་མོ་ལྟར་མིག་ཆུ་གཏོང་མྱོང་མེད།

 ཡིན་ན་འང་དྲན་གདུང་གི་མེ་ལྕེ་སེམས་གཏིང་ན་དུས་རྒྱུན་དྲག་ཏུ་འཕྱུར་བཞིན་ཡོད།  དྲན་གདུང་གི་མེ་ལྕེ་འདི་གསོད་ཐུབ་དཀའ་ཡང་།  ཕ་ཡུལ་ལོ་གསར་སྤྲོ་འཚོགས་རེ་དང་།  ཡང་ན་རྡུང་ལེན་འགྲན་བསྡུར་རེ་འཚོགས་པའི་བརྙན་འཕྲིན་ལ་ལྟ་བའི་གོ་སྐབས་རེ་ནས་དྲན་པའི་སྐོམ་གདུང་སེལ་མྱོང་ཡོད། ད་དུང་གླུ་བ་གླུ་མ་འགའ་ཤས་ཀྱི་ངག་གི་སྒྱུ་རྩལ་ལས་མི་རིགས་ཀྱི་བདེ་སྡུག་གོ་མྱོང་ལ། ཞབས་བྲོའི་སྟེང་སྟབས་རེ་ནས་མེས་པོ་ཚོའི་ཤུལ་བཞག་རིག་གནས་ཚོར་མྱོང་། གང་ལྟར་འདི་འདྲ་རེ་གོ་དུས་སེམས་སྐྱིད་ལ་རེ་བ་གསོན་པོ་ཞིག་གི་ཁྲོད་ནས་ཕ་ཡུལ་དྲན་མྱོང་།
  བདུན་གསུམ་ཉེར་གཅིག་གི་དུས་རབས་ཀྱི་མགོ་ཚུགས་པ་ནས་རྡུང་ལེན་གྱིས་ཡོད་ཚད་ཀྱི་ཡིད་དབང་འཕྲོགས་ཡོད་པའི་ཚོད་རེད། འདི་ལ་མི་མང་གིས་དགའ་བསུ་དང་འབྲེལ་རྡུང་ལེན་པ་དག་གིས་ཀྱང་རང་ཉིད་ཀྱི་མདུན་ལམ་བཙལ། འབད་བརྩོན་བྱས་ནས་རྡུང་ལེན་འགྲན་བསྡུར་བརྒྱུད་ནས་བྱ་དགའ་རེའི་ཕྱིར་ཏུ་འབད་མཁན་ཡང་ཡོད་པ་རེད། དྲང་མོར་བཤད་ན་རྡུང་ལེན་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་ཀྱི་ངོ་བོར་འགྲོ་དགོས་པ་རེད་མོད།  གཉིས་སྟོང་དྲུག་བདུན་ནས་བཟུང་སྟེ་རྡུང་ལེན་པ་དག་གིས་ཡར་རྒྱས་ཕྱོགས་སུ་གོམ་པ་མ་སྤོས་པ་མ་ཟད། གཅིག་གིས་གཅིག་ལ་རྐུན་མ་བརྒྱབ་ནས་ད་ལོའི་ལོ་གསར་སྤྲོ་འཚོགས་རིག་ན་དགའ་ནི་མ་དགོས་སྙིང་ལངས་ནི་ཞིག་རེད།  གླུ་ཚིག་རྐུན་མ་བརྒྱབ་པ།  དབྱངས་རྐུན་མ་བརྒྱབ་པ། རང་ཉིད་ཀྱིས་གསར་བཏོད་བྱས་པའི་རྡུང་ལེན་ཞིག་གོ་རྒྱུ་མེད་པར་གྱུར་འདུག   དཔེར་ན། ད་ལོའི་ལོ་གསར་སྤྲོ་འཚོགས་ཀྱི་མིང་གོ་ན་སེམས་དགའ་ཡང་། དངོས་སུ་ལྟ་མཁན་དང་ཉན་མཁན་དག་གི་མིག་ལམ་དུ་བསྟར་དུས་ངོ་ཚ་ནི་ཞིག་དང་ཡ་ང་ནི་ཞིག་རེད།  རྡུང་ལེན་པ་རྣམས་མང་ཆེ་བ་སྔོན་མ་དག་གི་དེ་རང་འཇགས་རེད་ལ། རྡུང་ལེན་གྱི་ཚིག་དང་དབྱངས། མཐའ་ན་ལུས་ཀྱི་རྣམ་འགྱུར་སྟོན་སྟངས་སོགས་ལོ་སྔོན་མ་ལས་ཡར་རྒྱས་མེད་པ་འདིས་ཅི་ཞིག་མཚོན་གི   གསར་བ་འགའ་ཤས་ཡོད་ཀྱང་དེ་ཚོ་འདི་འདྲའི་སྤྲོ་འཚོགས་སྟེང་ཡོང་ནས་རྡུང་ལེན་བྱེད་པ་ལ་ཡ་མཚར་སྐྱེས་སོང་།  བོད་ལ་རྡུང་ལེན་པ་འདི་འདྲ་ལས་མེད་ཚེ་རྡུང་ལེན་ཞེས་པའི་རིག་གནས་སྒྱུ་རྩལ་ཁྱབ་ཁུངས་ཀྱི་མ་ལག་འདི་བསྡུ་བསོག་བརྒྱབ་ན་ཡག་གི  སྤྱིར་བཏང་རྡུང་ལེན་པ་དག་གི་ནང་དུ་མི་རིགས་ཀྱི་བདེ་སྡུག་གླེང་ནས་རང་ཉིད་ཀྱི་མི་ཚེ་སྡུག་ལ་གཏད་མྱོང་མཁན་ཡོད་ལ། རྡུང་ལེན་གྱི་ངོ་དགའ་སྦྲེལ་ལད་འཁྲབ་སྤྱད་བྱེད་མཁན་ཡང་ཡོད་པ་རེད།  རང་ཉིད་ཀྱི་འོད་སྡེར་ཁག་ཅིག་ལ་ལྟོས་དང་ཧ་གོ་ཡོང་། འོན་ཀྱང་རྨ་ཁུགས་དང་པོའི་ལྷན་འཛོམས་ལྟ་བུ་འཚོགས་ཐུབ་ན་ལྟ་རིན་དང་ཉན་རིན་ཡོད་ཁུ། ད་དུང་རྡུང་ལེན་སྐབས་གཉིས་པའི་འགྲན་བསྡུར་ལྟ་བུ་རེ་ཡོད་ན་གླེང་རིན་ཡོད་ཁུ།  དེ་མ་གཏོགས་བོད་ཀྱི་རྩོམ་པ་པོའི་གནས་བབ་ལྟར་རྡུང་ལེན་ལ་ཡང་ཡར་རྒྱས་མེད་པར་ཉམས་རྒུད་ནས་རྩེད་སྤྱད་ཀྱི་ངོ་བོར་འགྱུར་འདུག  ཁ་གྲགས་མཁན་རྡུང་ལེན་པ་དང་ལག་འགུལ་མཁན་རྩོམ་པ་པོར་འགྱུར་བ་འདིས་བོད་ལ་སྡོམ་ཚིག་ཅིག་ཀྱང་རང་བཞིན་གྱིས་བཀོད་འདུག ཡར་རྒྱས་མེད་ལ།  ལོ་རེ་ནས་ལོེ་རེ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་གྱིན་འདུག བོད་ཀྱི་ཡོད་ཚད་འདི་འདྲར་གྱུར་དགོས་པ་ཅི་ཡིན་ནམ། འདིའི་ཕྱོགས་སུ་བསམ་གཞིག་རེ་གཏོང་རྒྱུ་ཨེ་ཡོད་དམ། ཞེས་པ་འདི་ནི་༢༠༡༠ ལོའི་ཟླ་༠༢ ཚེས ༠༣་ཉིན་ཕ་ཡུལ་གྱི་འོད་སྡེར་འགའ་རག་རྗེས་སྤྲོད་སྣང་དང་བཅས་ཐེངས་ཤིག་ཉན་པས་སེམས་ཤུགས་ཆག་སྟེ་འདི་བྲིས་པ་ཡིན།


 སྤྱིར་བཏང་ཕ་ཡུལ་དྲན་པ་ནི་གླེང་རིན་ཅན་ཞིག་རེ་འདོད་མེད་མོད། རེ་བཞག་ཅིག་གི་ངོས་ནས་དྲན་པ་ནི་གླེང་རིན་ཅན་གྱི་དོན་དག་ཅིག་རེད་སྙམ། ཕ་ཡུལ་གངས་ལྗོངས་སུ་རྒན་དཔལ་མགོན་སོགས་ཀྱིས་རྡུང་ལེན་གསར་དུ་དར་ཁྱབ་བཏང་སྟེ།
གསལ་བཤད་ཅིག་ལ། འདི་ནི་སྔོན་མ་སེར་རྡོར་དྲ་བ་དུས་ལྟར་བཀོད། དེ་རིང་འདིར་བསྐྱར་དུ་འགོད་དོན་ནི། ཁ་སང་ཞིག་ལ་ལོ་གསར་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པས་གླུ་ཚིག་དང་གླུ་བ་གླུ་མ་ཚོས་གང་མགྱོག་ངང་བསྐུར་ཤོག་ཅེས་པའི་བརྡ་སྦྱོར་ཞིག་མཐོང་ནས། ད་ལོ་དེ་ལྟར་མི་འགྱུར་བའི་ངེས་པ་མེད་ལགས་ན། ཚང་མས་རང་ངོ་རང་གིས་ཟིན་རྒྱུ་དེ་གལ་ཆེན་རེད་ཅེས་རྡུང་ལེན་གྱི་མིང་འཁུར་འགའ་ལ་བསྒྲགས་པ་ཡིན།

0 བསམ་ཚུལ་འདོན་པ།: