རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
-
ཉེ་སྔོན་བདག་གིས་གྲྭ་ས་དང་དགོན་སྡེ་ཁག་ལ་ཤ་ཞེན་ཡོད་པའི་ཐོག་ནས་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱ་ནང་དུ་བཏང་བ་ཡིན། དུས་བབ་ནས་གསར་འགོད་པ་འགའ་ཤས་ཀྱི...
-
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

snws2010@hotmail.com
ས་མཐའ་ནས་སེམས་སྡུག་དུས་ཤིག་ལ།
ས་མཐའི་སུན་སྣང་ལྕི་མོས་གཉའ་ནས་མནན།།
མི་ཚེའི་མདུན་ལམ་མ་རྙེད་མོག་མོག་ཅིག།
བདེན་རྫུན་དབྱེ་འབྱེད་དཀའ་བའི་མི་ཡུལ་ནས།།
བློས་ཐུབ་གྲོགས་པོས་བསླུས་པ་གྲངས་མ་མཆིས།།
གཞོན་དུས་བེའུ་རྫི་ལུག་རྫི་བྱེད་པ་ལས།།
སློབ་གྲྭའི་ཤེས་རིག་ཐེམ་སྐས་འཛེགས་མྱོང་མེད།།
སྔོན་བསགས་ལས་དབང་བཙན་པོས་བསྐོས་ཐང་གིས།
ངུར་སྨྲིག་ངང་བ་སེར་བོའི་གྲལ་དུ་ཚུད།།
རིན་མེད་གོར་ཟས་གོར་ཆུ་ལེན་པ་འདི།།
རྒྱུ་འབྲས་རྒྱ་མའི་ཁ་ནས་གསུབ་ཐབས་བྲལ།།
དོན་མེད་སྲང་བར་འཁྱམས་ཏེ་མི་ཚེ་ཟད།།
གཟན་ཤམ་དམར་པོའི་འོག་ན་གཡོ་སྒྱུས་བཟི།།
ཕ་མ་གཉེན་ཉེའི་སེམས་དང་བསམ་པའི་ངོར།།
སྡོམ་ཁྲིམས་ཚུལ་བཞིན་སྲུང་བའི་དགེ་སློང་ཞིག།།
ངེས་དོན་རྩ་བཞིའི་སྲོག་རྩ་བརྟན་པ་ལས།།
གང་ཤེས་ཉམས་ལེན་མེད་པའི་འགལ་ཟླ་ཞིག།
བགྲང་བྱ་བཅུ་ཡི་རིང་ལ་ས་མཐའ་འདིར།།
ནང་བསྟན་གཞུང་ལུགས་ཟབ་མོ་འབད་ན་ཡང་།།
སྦྱངས་འབྲས་མིང་སྟོང་ལག་ཁྱེར་ཙམ་ཞིག་ལས།།
ནང་རྟོགས་ཡོན་ཏན་ཕྱོགས་ནས་ཁབ་ལས་ཕྲ།།
རྣམ་དཔྱོད་ཤེས་རབ་བདག་ལ་མི་དམན་ཡང་།།
རྣམ་གཡེང་ལེ་ལོའི་བུ་མོ་དགའ་དྲགས་པས།།
ཤེས་རིག་མདྨོ་འཐུ་བའི་ལྡུམ་ར་ནས།།
བླུན་རྒན་ཐང་ལ་བརྒྱབས་པ་གྲངས་མ་མཆིས།།
སྐྱོ་དུས་སྙན་ངག་བྲིས་ནས་རང་སེམས་གསོས།།
སྐྱིད་དུས་གྲོགས་ཀྱི་ཚོགས་ལ་ཁྱི་ལབ་འཐེན།།
མཚམས་མཚམས་དྲ་ཐོག་ཉུལ་ནས་ཟིན་བྲིས་སྤེལ།།
འདི་འདྲ་བྱས་ནས་འདུག་ཐབས་བྱེད་ཀྱིན་ཡོད།།
ལན་རེ་སྙན་པའི་གྲགས་པ་ཀུན་ལ་ཁྱབ།།
མཚམས་རེ་རྒུད་པའི་སྡོང་ལོ་ས་ལ་ཟགས།།
མི་རྟག་འཇའ་ཚོན་ལྟ་བུའི་མི་ཚེ་འདིས།།
ཕྲན་ལ་བརྙས་བཅོས་བྱས་པ་ཚོད་ཅིག་མེད།།
Subscribe to:
Posts (Atom)