རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།
རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
                            ཚད་མའི་སྐོར་གྱི་བཅར་འདྲི
ཁྱེད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གསུངས་རོགས།
ལན། ངའི་མིང་ལ་ཨ་རིག་དགེ་མཐོང་ཟེར་ལ་ཨ་ཁུ་རྒྱ་བོ་ཞེས་འབོད་མཁན་ཡང་ཡོད། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། རྒྱ་བོད་མཛའ་འབྲེལ་་རྩོམ་པ་པོའི་ཚོགས་མི། སྦེལ་ཀོབ་མདོ་སྨད་ས་རྒྱུན་ཚོགས་གཙོ། སྤྱི་ཚོགས་མེ་ལོང་གསར་འགོད་པ། གྲྭ་སའི་རབ་འབྱམས་པ་ཞིག་གི་མིང་ཁུར་མཁན་ཡིན་པ་འདི་དག་ནི་ངའི་ལོ་རྒྱུས་རེ་ ལབ་ན་འགྲིག་གི་བསམ་ཡོད། དེ་མིན་ལོ་རྒྱུས་ཟེར་བའི་མིང་ཚིག་འདི་ངའི་ཐོག་ནས་བཙལ་ཡང་མི་རྙེད་པ་འདྲ། འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས་སྐྱེ་ས་ཞིག་ཡོད་པ་རེད། ཕྲན་སྐྱེ་ཡུལ་ཨ་མདོ་གཙང་ཨ་རིག་ཡིན་པ་དང་གཞི་དགོན་མདོ་སྨད་གཙང་དགོན་པ་ཡིན། རིན་ཐང་ཅན་གྱི་ལོ་རྒྱུས་ཤིག་མེད། ཆུང་ཆུང་དག་གླེང་ན་ཉོག་འགྲོ།
དྲི་བ་དང་པོ། གཏན་ཚིགས་རིག་པ་སྤྱིའི་བྱུང་རིམ་མདོར་བསྡུས་ཤིག་གསུངས་རོགས།ལན། སྤྱིར་གཏན་ཚིགས་རིགས་པ་ལ་ཕྱི་ནང་གི་བསྟན་བཅོས་གཉིས་སུ་འབྱེད་དགོས་པ་འདྲ། ཐོག་མར་རྒྱ་གར་དུ་དར་བ་དང་། དེ་རྗེས་བོད་དུ་དར་བ་ཞིག་ལ་གོ་དགོས། ཕྱི་རོལ་གྱི་གྲུབ་མཐའ་རྟོག་གེའི་སྡེ་ལྔ་ལས་བྱུང་ཞིང་། དེ་དག་གི་ཐོག་མ་གྲངས་ཅན་པའི་གཞུང་ལུགས་ཡིན་པ་རེད། ཚེ་ལོ་དཔག་མེད་དུས་ནས་རྒྱ་གར་དུ་དར་བ་དང་། དེའི་རྗེས་བོད་དུ་དར་བ་ཞིག་ལ་གོ་དགོས། དཔོན་གྱི་ཐོག་མ་མང་བོས་བཀུར་བའི་རྒྱལ་བོ་བྱུང་བ་རེད། དེ་ནས་བྲམ་ཟེ་བྱུང་། དེའི་རྗེས་དྲང་སྲོང་སེར་སྐྱ་ཞེས་རལ་བ་སེར་སྐྱ་ཡོད་པ་མངོན་ཤེས་ལྔ་དང་ལྡན་པ་ ཞིག་བྱུང་བ་དེས། རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་རྟོག་གེའི་གཞུང་ལུགས་དུ་མ་བརྩམས་ ཏེ། གྲངས་ཅན་པའི་གྲུབ་མཐའི་རྐང་བཙུགས་ཤིང་དར་བར་བྱས་པ་རེད། དེས་ན་རྟོག་གེའི་རིག་པ་ནི་མཚམས་འདི་ནས་གསར་དུ་དབུ་བརྙེས་པར་མངོན་ནོ།། རྟོག་གེའི་མདོ་དང་རྟོག་གེའི་བསྟན་བཅོས་སོགས་མང་། དེའི་རྗེས་རྒྱང་ཕན་པའི་སྡིག་པ་ལ་ཉེས་དམིགས་མེད་པར་སྟོན་པའི་གཞུང་མང་བོ་ བརྩམས། ཅེས་གསུངས་འདུག ཕྱིས་སུ་སྤྱི་ལོ་ཚུགས་རྗེས་ཀྱི་དུས་རབས་བཞི་བ་ནས་ལྔ་བའི་བར་ཞིག་ལ་ཕྱི་རོལ་ གྱི་མཁས་པ་ཧྥུ་ཁྲེ་ཡེ་བླ་ཟེར་བས་དེའི་དགོངས་འགྲེལ་ཡང་དག་རིག་པའི་མདོ་འགྲེལ་ བརྩམས་ཞེས་མཁས་པ་དག་གི་གསུངས་ལ་འཇལ་རྒྱུ་འདུག  འདི་དག་གི་མིང་ཐོག་ཚུལ་ལ་སྒྲུང་སྙན་མོ་རེ་ཡོད་ཀྱང་རེ་རེ་བྱས་ནས་བྲིས་ན་ཡིག་ ཚོགས་མང་བར་དོགས་སོ། བོད་ཀྱི་གཏན་ཚིགས་རིག་པའི་སྐོར་འོག་ཏུ་བཤད། གོང་གི་ཕྱི་རོལ་གྱི་བསྟན་བཅོས་དེ་དག་བོད་དུ་འགྱུར་མེད་པ་འདྲ། འོན་ཀྱང་རྟོག་གེའི་ཚིག་དོན་བཅུ་དྲུག་གི་གྲངས་ཙམ་བོད་དུ་འགྱུར་ཡོད་པ་ཀུན་ མཁྱེན་གྲུབ་མཐའ་ན་གསལ།  དྲི་བ་གཉིས་པ།  ད་ལྟ་ང་ཚོས་འཆད་ཉན་བྱེད་ཀྱིན་པའི་གཏན་ཚིགས་རིག་པ་འདི། རྒྱ་གར་ལ་བྱུང་རིམ་དང་། བོད་དུ་ཇི་ལྟར་ཚུལ། རྒྱལ་བོ་སུ་ཞིག་གི་དུས་སུ་ལོ་ཙྭ་བ་གང་གིས་བསྒྱུར་བ་རེདལན གཏན་ཚིགས་རིག་པའམ་ཚད་མ་རིག་པའི་གཞུང་ལུགས་འདི་ཉིད་འཕགས་པ་འཇམ་དཔལ་གྱིས་དགྲ་ བཅོམ་པ་ཆོས་སྐྱོང་ལ་གནང་བ་དང་། དེས་ཚད་མའི་བསྟན་བཅོས་སྒྲོམ་ཞེས་པ་མཛད་དེ་མཁས་པ་མི་དབང་ལྷ་ལ་བཤད། དེས་དབྱིག་གཉེན་ལ་བསྟན། དེས་ཕྱོགས་གླང་ལ་བཤད་སྲོལ་འདུག ཡོངས་གྲགས་ནི་སྤྱི་ལོའི་དུས་རབས་དྲུག་པའི་ནང་བྱོན་པའི་རྒྱ་གར་གྱི་ཕྱོགས་ གླང་ཆོས་གྲགས་བརྒྱུད་དེ་རྒྱ་གར་དུ་དར་བར་སེམས་སོ། བོད་ཀྱི་ཡུལ་དུ་ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི། རྒྱལ་བོ་ཁྲི་སྲོང་སྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ ཀྱིས་<<ཚད་མ་རྣམ་འགྲེལ>> ཐོག་མར་བོད་བསྒྱུར་བྱས། དེའི་རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ ཀྱིས་<<ཚད་མ་སྡེ་བདུན་>>བོད་སྐད་དུ་བསྒྱུར་ཞིང་། <<ཚད་མ་རྣམ་ངེས་>>ལ་འགྲེལ་བ་མཛད། སྤྱིར་བཏང་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་དེ་བཤད་ན་རྟོག་གེའི་ རིག་པ་ལ་ཡང་གོ་ཆོག་པ་རེད། རྗེས་སུ་དུས་རབས་བདུན་པའི་འགོ་ཙམ་དུ་དབྱིག་གཉེན་གྱི་སློབ་མ་ཕྱོགས་གླང་གིས་ ཐོག་མར་<< དམིགས་པ་ལ་བརྟག་པ་>>ཞེས་པ་འདི་བརྩམས་པ་རེད། ཕྱོགས་གླང་སྐུ་གཤེགས་རྗེས་ཆོས་གྲགས་ཀྱིས་དབང་ཕྱུག་སྡེའི་དྲུང་དུ་གསན་པ་རེད། ཅེས་སྔོན་གྱིས་མཁས་དབང་དག་གིས་གསུངས་འདུག་མོད། དུས་རབས་དང་ལོ་ཚོད་ལ་ཅུང་ཙམ་རེ་མི་མཐུན་པ་ཡོད། དེ་ནས་ས་སྐྱ་སོགས་བརྒྱུད་དེ་གདན་ས་གསུམ་ལ་དར་ཚུལ་རྒྱས་པར་ཤེས་འདོད་མཆིས་ཚེ། ཨ་ལག་དུང་དཀར་ཚང་གི་གསུངས་ལ་ལྟོས།  དྲི་བ་གསུམ་པ། ཚད་མ་རྙིང་བ་དང་གསར་བ་ཞེས་པའི་མཚམས་གང་ནས་འཇོག  ལན། སྤྱིར་ཚད་མ་རིག་པ་ཞེས་པའི་མིང་འདི་ཐོག་མར་་ཕྱོགས་གླང་གིས་བཏགས་པ་འདྲ། དེའི་སྔོན་དུ་གཏན་ཚིགས་རིག་པ་ཞེས་པའི་མིང་ཡོད་ཀྱང་ཚད་མ་རིག་པ་ཞེས་པའི་མིང་ འདི་མེད་ཁོ་ཐག་རེད། ཁྱེད་ཀྱི་དྲི་བ་འདི་ཚིག་སྦྱོར་མི་བདེ་བ་འདྲ་བོ་ཞིག་ཚོར་བྱུང་། འོན་ཀྱང་ངས་ཚད་མ་གསར་རྙིང་གི་དོན་འཇོག་མི་ཤེས་ཀི གལ་སྲིད་ཚད་མ་གསར་རྙིང་ཞིག་འབྱེད་དགོས་པའི་དབང་དུ་བཏང་ན་ཚད་མ་ཀུན་བཏུས་དང་ ཚད་མ་རྣམ་ངེས་འདི་ཚོ་རྙིང་བའི་ཁོངས་སུ་གཏོགས་ཡོད་པ་འདྲ། ས་སྐྱ་བ་སོགས་ནས་འགོ་བརྩམས་པའི་ཚད་མའི་བསྟན་བཅོས་དག་ལ་གསར་བ་ཞེས་པའི་ཐ་སྙད་ སྦྱོར་དགོས་པ་འདྲ། དགོངས་དག་ངས་ཡག་པོ་ཞིག་ཤེས་མ་སོང་།
དྲི་བ་བཞི་བ ཕྱོགས་སྒྲ་དང་རྟགས་གཞན་བཞི་བ། ལུང་འགལ་དང་གཞན་སེལ་སོགས་ལམ་ཉམས་ལེན་གྱི་རིམ་པ་ལ་སྦྱར་ནས་བཤད་རྒྱུ་ཡོད་དམ། ལན། ཁྱེད་ཀྱི་དྲི་བ་འདི་གོ་དུས་ང་དགོད་རྒྱུ་ཞིག་ཡོང་ཐལ། གང་ཞེ་ན་ད་ལྟ་ཁྱེད་ཀྱིས་རྩོད་བརྒྱབ་ནས་འགྲོ་བཞིན་པའི་སྒང་རེད། དོགས་པ་འདི་འདྲ་ངོས་གནས་སྐྱེ་གི་ཡོད་ཁོ་ཐག་རེད། ལྷག་པར་གཞོན་སྐྱེས་མང་བོ་ཞིག་ལ་དོགས་པ་འདི་ཡོད་ཡོད་པ་རེད། དེས་ན་ངས་ཀྱང་འདི་ལ་ལན་དམིགས་གསལ་བ་ཞིག་འདེབས་ཀྱིན་ཡིན། ཐོག་མར་ཨམ་མདོའི་ཁ་ཤགས་བཤད་མཁན་ཞིག་གིས་ལས་རྒྱུ་འབྲས་འདི་མེད་ནི་འདྲ་ཞིག་ ཡིན་ནི་རེད། འོན་ཀྱང་ཡོད་རྒྱོ་ཡོད་ནི་རེད་ཅེས་པ་ལྟར། ཕྱོགས་སྒྲ་སོགས་ལམ་ཉམས་ལེན་གྱི་རིམ་པར་སྦྱོར་རྒྱུ་ཨེ་ཡོད་ཟེར་ན་ཡོད་ཁོ་ཐག་ རེད། ཁྱེད་ཀྱིས་ལམ་ཉམས་ལེན་ཟེར་བ་དེ་ཕྱུག་འཚལ་སྐོར་བ་སོང་། མཆོད་པ་ཕུལ་བ་སོགས་ལ་གོ་གི་ཡོད་ཚེ་འདི་དག་ལམ་ཉམས་ལེན་གྱི་ཕྱོགས་སུ་འཁྱེར་ ཐབས་མེད། འོན་ཀྱང་ང་ཚོས་དེ་ལྟར་མིན་པར་སྒྲོ་འདོགས་དང་ལོག་རྟོག་མང་བོ་སེལ་ནས་རང་ རྒྱུད་ཀྱི་བློ་ཡར་རྒྱས་སོང་སྟེ། མཐར་ཀུན་མཁྱེན་ཡེ་ཤེས་ཀྱི་ངོ་བོར་སོང་བ་དེའི་ཚེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ གོ་འཕང་ཟེར་བ་དེ་ཐོབ་ཚར་རེད། དེས་ན་ལོག་རྟོག་མང་བོ་འདིའིརིགས་སྐྱེ་གི་ཡོད་པ་རེད། དེ་སྐྱེ་མཁན་ཚོ་ཡང་རྣམ་དཔྱོད་ཅན་རྐྱང་རྐྱང་རེད། དེང་སང་ཕལ་ཆེར་གདན་ས་གསུམ་གཙོའི་ཆོས་ལུགས་ཁག་ཏུ་བཙལ་ན་ཡང་། དེ་འདྲའི་ལོག་རྟོག་སྐྱེ་ཐུབ་མཁན་ནམ་དོགས་པ་ཟ་མཁན་སྲིད་ཙམ་རེད། ཕྱོགས་སྒྲ་དང་རྟགས་གཞན་བཞི་བ། ལུང་འགལ་དག་གི་སྐབས་སུ་གཙོ་བོ་ཚུལ་གསུམ་གྱི་རྣམ་གཞག་འཇོག་མ་ཤེས་པ་རེད། དེ་ལོག་རྟོག་ཆེན་པོ་རེད་ངེས་པར་སེལ་དགོས། དེ་མ་སེལ་ན་ང་ཚོས་ཚད་མ་རྣམ་འགྲེལ་གྱི་སྐབས་འདིར་ འདུལ་བྱ་ཐར་བ་དང་ཐམས་ཅན་མཁྱེན་པའི་ལམ་ལ་བཀོད་རྒྱུ་ཟེར་གྱིན་ཡོད་པ་རེད། ཚུལ་གསུམ་མ་ཤེས་ན་རྟགས་ཡང་དག་མི་ཤེས། དེ་མ་ཤེས་ན་རྒྱུ་མཚན་ཡང་དག་དང་རིག་པ་ཡང་དག་ཟེར་བ་དེ་མི་ཤེས། དེ་མ་ཤེས་ན་དད་གུས་བྱེད་སྟངས་ཤེས་ཀི་མ་རེད། དེ་མ་ཤེས་ནས་དད་གུས་བྱེད་ཚུལ་དེ་རྨོངས་དད་རང་རེད། འདི་ལྟར་བསམ་བློ་ཐོངས་དང་ཁྱེད་ཀྱི་ཡིད་ངོར་ངོས་གནས་ཉམས་ལེན་ཟེར་བ་ཞིག་འདུག་ སྙམ་གི་རེད། དེ་ནས་གཞན་སེལ་ལམ་ཉམས་ལེན་གྱི་རིམ་པ་ལ་སྦྱོར་རྒྱུ་ཡོད་པ་རེད། གང་ཞེ་ན་གཞུང་འདིའི་སྐབས་སུ་གཙོ་བོ་ལྟ་བ་གཏན་ལ་འབེབ་ཀྱིན་་ཡོད་པ་རེད། ལྟ་བ་རྟོགས་པའི་བློ་རང་རྒྱུད་ལ་སྐྱེས་དུས་བློ་དེའི་སྟེང་ནས་དཔྱད་པ་བྱེད་ རྒྱུ་རེད། དེ་ཉམས་ལེན་རེད། དེ་ལས་ལྷག་པའི་ལམ་ཉམས་ཤིག་གང་དུ་ཡང་གསུངས་ཡོད་པ་མ་རེད། དེས་ན་སྔོན་མ་ང་ཕ་ཡུལ་ན་ཡོད་དུས་དགེ་རྒན་གྱིས་འདི་ལྟར་གསུངས་མྱོང་། ཁྱོད་ཀྱིས་ཁ་དོག་ཡིན་ན་དཀར་པོ་ཡིན་པའི་མ་ཁྱབ་པ་ཤེས་ན། ཁྱོས་དགེ་བ་རྒྱ་ཆེན་པོ་བསགས་པ་རེད། སྒྲ་མི་རྟག་པ་ཡིན་པ་ཤེས་ན་དེ་བས་ཀྱང་ལོས་ཡིན། ལོག་རྟོག་ཟེར་བ་འདི་མེད་པ་བཟོ་དགོས་ནི་རེད། འདི་ཤེས་བྱ་ཐམས་ཅན་གྱི་སྟེང་ནས་སེལ་རྒྱུ་ཡོད་ནི་རེད། ལོག་རྟོག་རེ་རེ་སེལ་ནས་བློ་གོང་འཕེལ་ཕྱིན་ཏེ་མཐར་རྣམ་མཁྱེན་ངོ་བོར་འགྲོ་ གིན་ཡོད་པ་རེད་ཅེས་གསུངས་བྱུང་། དྲི་བ་ལྔ་བ། གདན་ས་གསུམ་གཙོའི་དགོན་སྡེ་ཁག་མཉམ་འཚོགས་བྱས་ཏེ་ཟླ་གཅིག་རིང་་སློབ་གཉེར་ བྱེད་སྟངས་ཐད། རྒན་ལགས་ནས་དགོངས་ཚུལ་ཞིག་གསུངས་རོགས། ལན། འདིའི་ཐད་དུ་དམིགས་གསལ་གྱི་བསམ་འཆར་འདྲ་མེད། ཁ་སང་ཉིན་འགའི་སྔོན་ངས་དྲ་ཐོག་ཏུ་ས་རྩོད་ཆུ་རྩོད་ལྟ་བུའི་འཇང་དགུན་ཆོས་ཟེར་ བ་ཞིག་བྲིས་པ་ཡིན། དེ་མང་བོ་ཞིག་གིས་རིག་ཡོད་པ་རེད། བསམ་ཚུལ་དེ་ངའི་སེམས་གཏིང་གི་བསམ་ཚུལ་རྣམ་དག་ཅིག་ཡིན། དྲི་བ་དྲུག་པ། འཇང་དགུན་ཆོས་འདི་ངེས་པར་རྣམ་འགྲེལ་ཐོག་ནས་རྩོད་དགོས་པས་རྒྱུ་མཚན་གང་ལན། འདི་ཡང་བོད་ཀྱི་ལུགས་སྲོལ་ཞིག་རེད། འདི་ལ་ལོ་རྒྱུས་མང་གི་ཁྱེད་ཀྱི་དྲི་བ་འདི་ཡག་པོ་འདུག་མང་བོ་ཞིག་ལ་དོགས་པ་ སྐྱེ་གི་ཡོད་པ་རེད། འདི་ལྟར་འཚོགས་དགོས་པ་རྒྱུ་མཚན་མང་བོ་འདུག དཔེར་ན། རྗེ་ཐམས་ཅད་མཁྱེན་པས་གསལ་བོ་གསུངས་འདུག འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་བོ་ལ།། དངོས་སུ་འདི་བརྩམས་འདི་ནི་འདི་ནི་མ་འོངས་དུས།། འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ།། ཞེས་པ་འདིའི་དོན་འདི་ལྟརརེད། སྔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་རྩོོོོོོམ་དུས་ཁོང་ཐུགས་ ཕམ་ནས་ངའི་བསྟན་བཅོས་འདིས་འགྲོ་བ་སེམས་ཅན་ཐམས་ཅད་ཕན་ས་མ་རེད་དགོངས་ཡོད་ས་ རེད། དེ་ནས་ཁོང་གིས་ངའི་རྡོ་དཀར་པོ་འདི་གནམ་ལ་གཡུག་གི་ཡིན། ཕྱིར་ཁ་ཐུག་་ས་ལ་ལྷུང་ན་མི་ཕན་པའི་རྟགས་ཡིན། དེ་ལྟར་ན་ངས་འདི་མི་རྩོམ་དགོངས་ཡོད་ས་རེད། དེ་དུས་འཇམ་པའི་དབྱངས་ཀྱིས་ཕྱག་གི་རྡོ་དཀར་པོར་འཇུས་ནས་། ཁྱེད་ཀྱིས་བསྟན་བཅོས་འདི་བརྩམ་ན་མ་འོངས་པ་ན་འགྲོ་བ་ལུས་ཅན་ཀུན་ལ་ཕན་ངེས་ རེད་ཅེས་ལུང་བསྟན་ཡོད་པ་གོང་གི་རྗེའི་རིན་པོ་ཆེའི་གསུངས་དེ་ལས་དཔག་ཐུབ་ཀི་ རྗེས་སུ་རྡོ་དཀར་པོ་དེ་བོད་ཀྱི་ས་ཆ་འཇང་ཟེར་བ་དེ་ལྷུང་ཡོད་པ་འདྲ། དེ་འདྲའི་རྟེན་འབྲེལ་གྱི་གནད་ལ་བལྟས་ན་རྗེས་སུ་ཚད་མ་འགྲེལ་གྱི་ཆོས་་ཐོག་ འདི་ཚུགས་པ་རེད། དེས་ན་འཇང་ཟེར་བ་ས་ཆའི་མིང་དང་། དགུན་ཆོས་ཞེས་པ་དུས་ཚིགས་ཀྱི་ཆ་ནས་བཏགས་པ་འདྲ། ཆོས་ཞེས་པ་ཚད་མ་རྣམ་འགྲེལ་གྱི་རྩོད་ཚུགས་པ་ལ་བཏགས་པ་འདྲ། གང་ལྟར་རྭ་སྟོད་དགོན་པའི་ཉེ་འཁྲེས་ཡིན་པ་འདྲ། འཇང་དགུན་ཆོས་འདི་ལ་སྐབས་དེར་མཁས་པ་ཚོ་རྣམ་འགྲེལ་ལ་བགྲོ་གླེང་བྱེད་དུ་ཕེབས་ པ་དང་། དེ་མིན་ཅི་ཡང་མི་ཞེས་ནི་ཚོ་ཡང་འགྲོ་གི་འདུག་ཅེས་གོ་མྱོང་། དེ་ཚོས་གནས་ཁྱད་པར་དེ་ལ་སྐོར་ཕྱག་བྱེད་ཀྱིན་ཡོད་པ་འདྲ། ད་ལྟ་ང་ཚོ་ཕྱི་ཕྱོགས་ཀྱི་འཇང་དགུན་ཆོས་ལ་དེ་འདྲའི་གནས་ཁྱད་པར་མེད་ཀྱང་། གདན་ས་གསུམ་ན་འཚོགས་ཀྱིན་ཡོད་པ་རེད། འདིར་འཇང་དགུན་ཆོས་ལ་ཕེབས་མཁན་ཡང་སྔོན་མ་ནང་བཞིན་གཉིས་འདུག དཔེར་ན། རྩོད་རྒྱུགས་བརྒྱ་ཆ་མཐོན་པོར་ལོན་ནས་ཕེབས་མཁན་ཞིག་དང་་ང་འགྲོ་གི་ཡིན་ཞེས་ ཕེབས་མཁནཁག་གཉིས་འདུག་པ་འདྲ། སེ་ར་ནས་རྩོད་རྒྱུགས་བརྒྱ་ཆ་ཨང་རིམ་བྱས་ནས་གཏོང་གི་འདུག་དེ་ཡག་པོ་རེད། དེ་མིན་གདན་ས་ཁ་ཤས་ཀྱིས་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་མཐོ་ཤོས་མི་གསུམ་བཞི་གཏོང་ གི་ཡོད་ས་རེད། དེ་མིན་རང་འདོད་ལྟར་ཡོང་གི་ཡོད་པ་འདྲ། འདིའི་ནང་ན་རྟགས་གསལ་ཁྱབ་གསུམ་གྱི་ལན་འདེབས་མི་ཤེས་ནི་མང་བོ་འདུག་ལ། དེ་ཚོ་ཡག་པོ་མི་འདུག་དྲན་བྱུང་། ཕལ་ཆེར་སྔོན་གྱི་ཕྱག་སྐོར་བྱེད་དུ་ཡོང་མཁན་ཚོ་དང་གཅིག་པ་རེད། སྤྱིར་བཏང་བཤད་རྒྱུ་མང་གི་ཡིན་ནའང་ཁྱེད་ཅག་གི་ཚགས་ཤོག་ལ་བསམ་བློ་བཏང་ནས་ འཚམས་བཞག་པ་ཡིན།
དྲི་བ་བདུན་པ། དེ་མིན་བཀའ་པོད་ལྔའི་ནང་གི་གཞན་དག་ལ་བགྲོ་གླེང་བྱས་ན་དགེ་སྐྱོན་གང་ཡོད་ གསུངས་རོགས  ལན། ངས་གོང་དུ་བཤད་པ་ལྟར་རྣམ་འགྲེལ་རྩོད་དགོས་པ་དེ་ལུགས་སྲོལ་རེད། བསྒྱུར་བཅོས་གཏོང་རྒྱུ་མེད་ནོ་འདི་ཡང་བོད་ཀྱི་ལུགས་སྲོལ་ཞིག་རེད། ལུགས་སྲོལ་འདི་ཡང་བསྒྱུར་བཅོས་མི་བྱེད་པ་བོད་ཀྱི་དགོན་སྡེ་དག་གི་རང་གཤིས་ རེད། བོད་ཀྱི་ལུགས་སྲོལ་རྙིང་པ་ཞིག་ལ་བསྒྱུར་བཅོས་གཏང་ན་ཕལ་ཆེར་རང་གི་པགས་པ་ བཤུས་པ་ལྟ་བུའི་ཚོར་སྣང་ཡོད་རེད། མཁྲེགས་འཛིན་འདི་ལྟ་བུ་ཡར་རྒྱས་ཀྱི་བཀག་རྡོ་རེད། དབུ་མ་དང་ཕར་ཕྱིན་ལྟ་བུ་བགྲོ་གླེང་བྱས་ན་ངས་ཀྱང་བསམ་ཡོད། དེ་ཡག་པོ་རེད། ད་ལྟ་བོད་ནང་ནས་དགོན་སྡེ་རེ་ཟུང་གིས་བསྒྱུར་བཅོས་བཏང་ཚར་བ་རེད། ཡིན་ནའང་ཕྲན་འཇང་དགུན་ཆོས་ལ་སོང་མྱོང་བའི་ཆ་ནས་བཤད་ན། བཀའ་པོད་ལྔའི་ནང་གི་འདུལ་བ་མ་གཏོགས་གཞན་དག་འདིའི་སྐབས་སུ་རྩོད་ཀྱིན་ཡོད་པ་ རེད། རྟགས་གསལ་གཏོང་དུས་དབུ་མ་དང་ཕར་ཕྱིན་སྐབས་ཀྱི་གནད་འགག་དག་གཏོང་གིན་ཡོད་པ་ རེད། ངས་བལྟས་ན་འདི་ལྟར་སོང་ན་མི་སྐྱོན་གི་བསམ། སེ་ར་ལྟ་བུར་མཚོན་ན་ལོ་རེའི་རྣམ་འགྲེལ་ཆོས་ཐོག་འདི་ལས་གཞན་དམིགས་གསལ་གྱི་ རྣམ་འགྲེལ་རྩོད་ཀྱིན་ཡོད་པ་མ་རེད། རྗེས་སུ་དགེ་ལུགས་རྒྱུགས་སྤྲོད་སྐབས་སུ་ཡང་འདིའི་ཆོག་པ་བྱེད་ཀྱིན་འདུག ཟླ་གཅིག་གི་རིང་ལ་བཀའ་པོད་ལྔའི་གཅིག་གི་རྩོད་པ་འགྲོ་སོང་ན་དེ་ཡག་པོ་འདུག་ བསམ་བྱུང་དྲི་བ་བརྒྱད་པ། ཁྱེད་རང་ལ་ལྟ་ཚུལ་གཞན་དག་འདྲ་གསུངས་རྒྱུ་ཡོད་དམ། ལན ༧གོང་ས་མཆོག་གིས་དུས་རྟག་ཏུ་ནང་ཆོས་དང་ཚན་རིག་ཟུང་འབྲེལ་བྱེད་རྒྱུ་གལ་ཆེ་ བར་གསུངས་ཀྱིན་འདུག སྤྱིར་ན་ནང་ཆོས་ཀྱི་ཡང་སྙིང་བྱམས་སྙིང་རྗེ། ལྟ་བ་རྟེན་འབྱུང་དག་ཚན་རིག་དང་ཟུང་འབྲེལ་བྱེད་དགོས་པ་རེད། འོན་ཀྱང་ཕར་ཕྱོགས་ཀྱི་བློ་ལ་ལམ་སེང་འཁོར་མི་ཐུབ་པས་དཀའ་ངལ་ཡོད་པ་རེད། ལྷག་པར་ཚན་རིག་ནི་ཞིབ་འཇུག་གི་ལག་ཆ་ཞིག་རེད་འདུག་ལ། ང་ཚོའི་ཚད་མ་རྣམ་འགྲེལ་འདི་ཡང་ནང་བསམ་བློའི་ཞིབ་འཇུག་གི་ལག་ཆ་ཞིག་རེད། དང་པོ་འདིའི་བརྟག་དཔྱད་ཀྱི་རིག་པ་བེད་སྤྱོད་བཏང་། དེའི་རྗེས་ལྟ་བ་རྟེན་འབྱུང་དང་བྱམས་སྙིང་རྗེ་གླེང་ན་ཁོ་ཚོའི་བློ་ངོར་འཕྲོད། དེ་མིན་ལམ་སེང་ལྟ་གྲུབ་སྐོར་གླེང་ན་ནང་བསམ་བློའི་་གོ་རྟོགས་དམན་དྲགས་པས། ལམ་སེང་སྐྱོན་བརྗོད་བྱེད་ཀྱི་རེད། མཐར་ཁྱེད་ཅག་གིས་ཕྲན་ལྟ་བུའི་ཆོས་གྲྭ་ནང་ནས་ཁྱབ་ལོག་བསྒྲགས་མཁན་ཞིག་ལ། འདི་ལྟ་བུའི་གོ་སྐབས་ཤིག་བསྐྲུན་ནས་རང་སེམས་ཀྱི་སྐད་ཆ་དག་སྤྱི་ཚོགས་ལ་ཁྱབ་བསྒྲགས་ཤིག་བྱེད་དུ་བཅུག་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
སམ་ བྷོ་ཊ་རྩོམ་སྒྲིག་ཁང་གིས་བཅར་འདྲི་བྱས་ཤིངསམ་བྷོ་ཊཚགས་པར་སྟེང་བཀོད་ཟིན།