རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
-
ཉེ་སྔོན་བདག་གིས་གྲྭ་ས་དང་དགོན་སྡེ་ཁག་ལ་ཤ་ཞེན་ཡོད་པའི་ཐོག་ནས་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱ་ནང་དུ་བཏང་བ་ཡིན། དུས་བབ་ནས་གསར་འགོད་པ་འགའ་ཤས་ཀྱི...
-
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

snws2010@hotmail.com
ཉིན་འདི་དག་གི་རིང་ལ།
འདི་ནི་ལྡོག་རྗོད་པའི་ཟིན་བྲིས་ལས་དྲངས། གསལ་བཤད་མཇུག་ན་ཡོད།

༈ ལྷགས་རླུང་གི་སོ་ཕྲག་ངོམ་པའི་ཉིན་འདི་དག་གི་རིང་ལ།
དགུན་ལྗོངས་ཀྱི་གདུག་རྩུབ་འཕྱོ་བའི་ཉིན་འདི་དག་གི་རིང་ལ།
གསེར་མདོག་གི་རྨི་ལམ་ཁུར་ཏེ་ལམ་དུ་ཆས།
དུང་མདོག་གི་སེམས་པ་རུམ་ནས་ལམ་ལ་ཆས།
ཆས་བཞིན་པ་རང་ཉིད། རེ་བ་སྟོང་ཕྲག་གི་རྨི་ལམ་སེམས་སུ་ཉར།

༈ ཅི་ཞིག་ཆེད་དུ། ང་ཚོ་འདི་ལྟར་འཛོམས།
དགུན་གཞུང་གི་བྲོ་བ་མངར་བས་ཡིན་ནམ།
གྲང་ལྷགས་ཀྱི་ཚོར་འགྱུ་རྒོད་པས་ཡིན། གང་ལྟར།
ཞུམ་པ་མེད་པའི་སེམས་ཁམས་ཀྱི་རང་མདངས་དེས།
དགོད་སྒྲ་དང་རེ་བ་མོད་པའི་འཛུམ་དཀར་གྱི་ཉིན་མོ་རེ་རེ་ཕར་བསྐྱལ།

༈ ཁ་བ་ཟིམ་ཟིམ་དུ་བབས་ཏེ་ས་གཞིའི་དྭངས་གཙང་ལ་འཕྱོར་སྒེག་སྣོན།
རླུང་བུ་འུར་འུར་དུ་ལྡིང་ནས་འཇིག་རྟེན་འདིའི་འགྲོ་ལམ་འགོག་པར་རྩོམ།
ཡིན་ཡང༌། བུ་ཡུག་གདོང་གིས་བསུ་ཕོད་པའི་སྙིང་སྟོབས་ཉམས་མི་སྲིད་ལ།
ཡིད་ཆེས་ཀྱིས་སྤོས་པའི་གོམ་སྒྲའང་མཚམས་འཇོག་ག་ལ་སྲིད། 

༈ གདོད་མ་ནས་གོ་ལའི་མཐོ་སར་འགྲེངས་པ་ང་ཚོ་ཡིན་སྐད།
མེས་པོའི་བཞུད་ཤུལ་ན། ཞབས་རྗེས་འོད་དུ་འཚེར།
སྔར་བཞིན། ང་ཚོ་ནམ་ཡང་ལམ་དུ་ཆས་དགོས།
རི་བོ་སྟོང་ཕྲག་གི་མཐོ་ཚད་གོམ་པས་གཞལ་ཞིང༌།
ཆུ་བོ་ཁྲི་ཕྲག་གི་ཞེང་ཚད་འཕྲེད་ཀྱིས་གཅོད། 

༈ ཕུ་ནུ་མིང་སྲིང་ཚོ། ཉིན་འདི་དག་གི་རིང་ལ།
ཉི་འོད་དྲོད་དུ་འཚེར་བའི་བདེ་སྐྱིད་ཀྱི་ཀློང་ནས།
ང་ཚོ་རིག་པའི་གླིང་ཀ་ཆུང་ཆུང་ཞིག་གི་རྩེད་ར་ལས་མཉམ་དུ་འཛོམས།
ཁ་བ་མཛེས་སྡུག་གིས་འབབ་པའི་མི་ཡུལ་གྱི་དྭངས་གཙང་རྒུམ་གྱིན།
སེམས་པ་སྣང་བར་འཁྱུད་པའི་བགྲོ་གླེང་གི་ཞིམ་ཤ་མྱོང་གིན།
རང་ཉིད་ཀྱི་མཁའ་དབྱིངས་རང་ཉིད་ཀྱིས་འཚོལ། 

༈ ཉིན་འདི་དག སྔོ་བསངས་ཀྱི་ནམ་མཁའ་ལྟར།
གཡའ་དག་པའི་བར་སྣང་གི་གོ་སས་ཁོ་བོའི་བྱང་ཁོག་བསྟན།
ཉིན་འདི་དག དཀར་གཙང་གི་ཁ་བ་བཞིན།
ས་གཞི་འདི་ཡོངས་སུ་བཀླུབས་ནས་ཁོ་བོའི་སེམས་མདངས་མཚོན།
ཉིན་འདི་དག་ལ། དོན་དངོས་གནས།
རྟོག་འགྱུ་གང་མང་གི་རྒོད་པོ་མཁའ་རུ་འཕུར་ཏེ་ལྡིང་སྐོར་རྒྱག
དགའ་ཚོར་རྣལ་མའི་སེམས་ཁམས་ཀྱི་འོད་སྣང་མཆེད་དེ་འཛུམ་མདངས་འཕྱོ།

༈ ང་ཚོ་དགའ་སྐྱིད་ལས་འཛོམས་དུས། རེ་བ་རེ་བས་བསུས།
ང་ཚོ་དགའ་སྐྱིད་ལས་གྱེས་དུས། ཡིད་ཆེས་ཡིད་ཆེས་ཀྱིས་སྙོར།
ལྷན་འཛོམས་དང་ལྷན་འཛོམས་ཁྲོད་ནས་རང་ལམ་འཚོལ་གྱིན།
གྱེས་བྲལ་དང་གྱེས་བྲལ་བར་ནས་ཀྱང༌། ཡང་དང་བསྐྱར་དུ།
ཉི་འོད་བཞིན། བར་སྣང་ནས་སྙོམས་པོར་འཕྲོས།
མེ་ཏོག་ལྟར། ས་གཞི་ལས་མཚར་སྡུག་གིས་བཞད།

ཅེས་བོད་རབ་གནས་མེ་ཕག་ལོའི་ཟླ་༡༡པའི་ཚེས་༣༠ནས་མགོ་བརྩམས་ཤིང་ཟླ་༡༢པའི་ཚེས་༡༩ཉིན་མཇུག་སྒྲིལ་བའི་ཟབ་སྦྱོང་འཛིན་གྲྭ་འཚོགས་དུས་འབའ་རྫོང་དུ་སྦྱར་བའོ།། །།

རྩོམ་
ས་