རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
-
ཉེ་སྔོན་བདག་གིས་གྲྭ་ས་དང་དགོན་སྡེ་ཁག་ལ་ཤ་ཞེན་ཡོད་པའི་ཐོག་ནས་རྩོམ་ཡིག་ཅིག་དུས་བབ་དྲ་རྒྱ་ནང་དུ་བཏང་བ་ཡིན། དུས་བབ་ནས་གསར་འགོད་པ་འགའ་ཤས་ཀྱི...
-
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

snws2010@hotmail.com
སྐད་ཡིག་སྐོར་གྱི་སློབ་གསོ།
སྤྱི་སྐད་ནི་སྟོད་མངའ་རིས་ནས། སྨད་ཨ་མདོའི་མཐའི་བར་དུ་གང་དུ་ཁྱེར་ཡང་བོད་མི་ཡི་གེ་ཤེས་པ་དག་གིས་ཤེས་རྒྱུའི་སྐད་ཡིག་ཞིག་ལ་སྤྱིའི་སྐད་ཡིག་ཟེར།
---དམུ་དགེ་བསམ་གཏན།
དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས།
---དགེ་འདུན་ཆོས་འཕེལ།
སྤྱིར་བོད་སྐད་ལ་རྩ་བ་གཅིག་ཡིན་ནའང་ས་ཆ་ཆེ་ཞིང་མི་སྡེ་འཐོར་བཀྲམ་ཆེ་བའི་དབང་གིས་སྒྲ་མི་འདྲ་བར་གྱུར་ལ་ས་ཆ་ལ་ལར་བོད་སྐད་བརྡ་རྙིང་གི་ཐོག་ནས་སྒྲ་གདངས་ཇེ་ཟབ་དང་ཇེ་ལྕིར་སོང་བའི་སྟེང་ནས་འགྱུར་ཡོད་པ་རྒྱལ་རོང་གི་སྐད་ལྟ་བུ་དང་། འགའ་ཞིག་བརྡ་རྙིང་གི་ཐོག་ནས་བརྡ་གསར་དུ་འགྱུར་བ་དབུས་གཙང་གི་སྐད་ལྟ་བུ། འགའ་ཞིག་རང་ས་ནས་འགྱུར་ཚབས་ཆེ་བ་མགོ་ལོག་ཉ་མཚོའི་སྐད་ལྟ་བུ། དེ་དག་ཨེ་བདེན་ལྟོས་དང་ཤེས།
---དམུ་དགེ་བསམ་གཏན།
རྩོམ་སྒྱུར་བ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུ ག་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁུམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁུམས་མཐའ་དག་ལྟ་ཅི། ཤན་ཁག་གཅིག་གི་ལུང་བ་ཕ་རི་ཚ་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།
ཚེ་ཏན་ཞབས་དྲུང་།
ཐོག་ མར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་མ་ཉམས་ན་བོད་མི་རིགས་ཀྱང་ཉམས་མི་སྲིད། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱི་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། རིག་གཞུང་སྟེང་ནས་ངེས་ཐུབ་པ་ཞིག་ཡིན།
---དོར་ཞི།
ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད།
----དུང་དཀར་བློ་བཟང་འཕྲིན་ལས།
ཡིག་རིགས་གཞན་ཤེས་པ་ནི་རབ་དང་ཕུལ་བྱུང་རེད། དེང་དུས་ཀྱི་རིག་གནས། ཚན་རིག ལག་རྩལ། ཐ་ན་འཕྲུལ་འཁོར་སྣ་ཚོགས་བཟོ་བཅོས་བྱེད་པའི་དཔེ་ཆ་ཚུན་ཆད་ཀྱི་དཔེ་ དེབ་མང་པོ་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་ཀྱི་རིག་གནས་དང་དཔལ་འབྱོར་རྒྱས་པ་ནུས་པ་བཏོན་ན། ད་གཟོད་སྔོན་གྱི་མཁས་པ་རྣམས་ལ་འགྲན་པ་དང་འཕྱས་གདགས་པའི་མ་རྩ་ཡོད་སོང་བ་རེད།
---དམུ་དགེ་བསམ་གཏན།
བོད་ཡིག་མིང་ཚིག་ཁག་གཅིག་ངག་ཐོག་ནས་ནས་མྱུར་སྟབས་སུ་བརྗོད་པའི་དབང་གིས་ཁ་སྐད་ལ་ཡི་གེའི་ཚེག་ཁྱིམ་གྱི་ནུས་པ་རང་ཤུགས་སུ་འདྲེས་འགྲོ་བ་དེ་རིགས་གང་སར་དངོས་སུ་ཐོས་རྒྱུ་ཡོད།
---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
བོད་རིགས་ཀྱི་ཡི་གེ་དང་སྐད་ཀྱང་དུས་སྐབས་རིང་བོ་ཞིག་གི་ནང་དུ་ཆགས་པ་དང་། དར་བ་དང་། རྒྱས་པ། ཞུན་བདར་ཆོད་པ་བྱས་ནས་བྱུང་བ་ཡིན།
---དམུ་དགེ་བསམ་གཏན།
མི་ཁ་ཤས་ཀྱིས་སྐད་ཡིག་ནི་ བེད་སྤྱོད་པའི་ལག་ཆ་ཁོ་ནར་ལྟ་ཞིང་། བེད་སྤྱོད་བྱེད་ཡུལ་ཆུང་ན་བསླབ་པའི་དགོས་པ་ཆུང་བསམ་ཞིང་། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་བཟུང་ནས་རྒྱུན་འཛིན་དགོས་པ་མི་ཤེས།
---དོར་ཞི།
མང་ཚོགས་ཀྱི་སྐད་དང་མཐུན་པར་བྱེད་དགོས་ཞེས་འུར་རྒྱག་མོད། དོན་ལ་ནི་མང་ཚོགས་ཀྱི་སྐད་དང་མཐུན་པར་བྱེད་ཨེ་ཐུབ་མི་ལྟ་བར། བོད་ཀྱི་སྤྱི་འགྲོའི་མིང་ཚིག་དོར་ཏེ། ཡུལ་སྐད་ཀྱི་མིང་ཚིག་རེ་ཁྱེར་ཡོང་ནས་སྤྱི་སྐད་ཀྱི་ཚབ་བྱེད་པ་ནི། སྐད་ཡིག་གཅིག་གྱུར་དུ་འགྲོ་བ་གེགས་བྱེད་པའི་ཉེན་ཁ་ཞིག་ཡིན་པར་སེམས།
---དམུ་དགེ་བསམ་གཏན།
སྐད་རིགས་སྣ་ཚོགས་བསྲེས་ནས་བཤད་ལོབ་ཏུ་གྱུར་བའི་ཙོང་ཁ་ཕྱོགས་ཀྱི་ཡུལ་གྲུ་འགར། ང་བོད་མིན་ན་དཀོན་མཆོག་གསུམ། བོད་སྐད་ཤེས་ན་དཀོན་མཆོག་གསུམ། ཞེས་དགོད་བྲོ་བའི་ཁ་དཔེ་ད་ལྟའི་བར་དུ་ཡོད་པ་བཞིན་ནོ།
---ཚེ་ཏན་ཞབས་དྲུང་།
སྐོར་གསུམ་རུ་བཞི་སྒང་དྲུག་སོགས་བོད་མིའི་ཡུལ་སྐད་ཀྱི་རྣམ་འགྱུར་ཕྲ་མོ་ཤིན་ཏུ་བལྟ་དཀའ་ཞིང་བརྟག་པར་དཀའ་བ་ལ་མཐོང་ཐོས་ཉམས་མྱོང་བཀའ་བཅད་འཁྲུལ་སྤོང་ལུང་རིགས་བདུན་གྱི་ལམ་ནས་ཤ་ཚོད་རུས་ཆོད་དུ་མ་བརྟགས་པར་ཡོན་ཏན་ཆུང་ལ་སྙིང་ཁམས་ཆེ་བ་ཞེས་བྱ་བའི་ཚུལ་གྱིས་རང་དགར་བགེགས་གཏོར་ལ་ཉི་ཟླའི་རྒྱན་བཏགས་པ་ཙམ་དུ་ཟད།
---ཤེས་རབ་རྒྱ་མཚོ།
བོད་ཡིག་གི་སྲོལ་གསར་དུ་ཕྱེས་ན་བཟུང་། ད་བར་ལོ་ཆིགས་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་རིང་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད།
---དགེ་འདུན་ཆོས་འཕེལ།
བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མི་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ་ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ལ་ཕན་པ་མངོན་སུམ་མོ།།
---ཤེས་རབ་རྒྱ་མཚོ།
“རིག་གནས་གསར་བརྗེའི་ ”སྔོན་དང་། རྗེས་སུའང་མང་ཚོགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་སྤྱིའི་སྐད་ཡིག་ལ་གནའ་རབས་ཀྱི་ཡི་གེ་ཟེར་ཞིང་། དབུས་ཁམས་མདོ་གསུམ་གྱི་འབྲོག་འབངས་རྒྱ་ཆེན་པོའི་སྐད་དེ་གདོད་མའི་སྤྱི་ཚོགས་ཀྱི་སྐད་རེད་ཟེར་གྱིན་ཡོད།
---དམུ་དགེ་བསམ་གཏན།
རིམ་གྱིས་ཡིག་གཟུགས་ལ་འགྱུར་ཞིང་། སྐད་འགྱུར་བས་གླེགས་བམ་ལ་བྲིས་པ་རྣམས་མི་ཕལ་བས་གོ་མི་ནུས་པ་འདི་བྱུང་བ་ཡིན་ནོ།།
---དགེ་འདུན་ཆོས་འཕེལ།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།
དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།
---ཤེས་རབ་རྒྱ་མཚོ།
གནའ་ཡིག་ཁྲོད་ཀྱི་མིང་ཚིག་ཁྱབ་ཆེ་བ་ལ་ལའི་གོ་དོན་དེང་སྐབས་ཡོངས་ཁྱབ་ཀྱི་ངོས་འཛིན་དང་མི་མཐུན་པའམ། ཡང་ན་སྐབས་འགར་མི་འདྲ་བ་སོགས་འགྱུར་བ་ཆེ་ཙམ་བྱུང་ཟིན་པ་དེ་དག་གིས་ཀྱང་བརྗོད་དོན་གྱི་གོ་བ་ཇི་བཞིན་ལེན་རྒྱུར་དཀའ་ངལ་སྣ་ཚོགས་འཕྲད་ཀྱིན་ཡོད།
---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
ལྷ་སའི་སྐད་འདི་ཡིན། ཁམས་སྐད་འདི་ཡིན། ཨམ་སྐད་འདི་ཡིན་ཟེར་ནས་སྤྱི་སྐད་གཏོར་བའི་ལས་ལ་མི་འཇུག་པར་ཞུ།
---དམུ་དགེ་བསམ་གཏན།
ངེད་ཀྱི་སེམས་ལ་ནི་ཁྭ་དང་སྐྱ་ཀ། སྐྱུང་ཀ ཕོ་རོག་ངང་བ་སོགས་ཀྱི་བྱ་ཕལ་མོ་ཆེའི་མིང་སོ་སོའི་སྐད་གདངས་ལ་ལྟོས་ནས་བཏགས་པར་མངོན་ལ། དེ་ལྟར་ན་ཁྭ་ལ་བ་ཟུར་བཏགས་པ་ཡང་དེའི་ག དངས་བཞིན་བྲིས་སྙམ།
---དགེ་འདུན་ཆོས་འཕེལ།
བོད་ཡིག་གི་དབྱངས་གསལ་དང་མགོ་འདོགས། འཕུལ་དང་མཐའ་རྟེན། ཕྲལ་ ཀློག་དང་སྦྱོར་ཀློག་རྣམས་ལ་ལུགས་དང་མི་མཐུན་པའི་བཅོས་བསྒྱུར་བྱེད་བསམ་ན་ནི། བླང་དོར་གྱི་གནས་ཚུལ་བཞིན་དུ་འབྱེད་པ་ལ་རྨོངས་པའི་མཚོན་བྱེད་གཟུགས་སུ་ཤར་བ་ཡིན་གྱི། རྣམ་དཔྱོད་དང་ལྡན་པ་སུས་ཀྱང་ཁས་ལེན་པའི་སྐབས་མ་མཆིས་སོ།།
---ཚེ་ཏན་ཞབས་དྲུང་།
ཡི་གེ་དེ་ཡང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་ལ། སྐད་ཀྱི་ཆེད་དུ་བཟོས་པ་ཡིན་གཤིས། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས།
---དམུ་དགེ་བསམ་གཏན།
དེ་ལ་མིའི་རིགས་རྒྱུད་ཆེན་འགའ་ཞིག་ལ་ཤེས་རབ་སྐྱེ་བའི་འགོ་བརྩམས་པ་ན། སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་ཡང་བྱུང་བར་མངོན།
---དགེ་འདུན་ཆོས་འཕེལ།
བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱང་། བོད་རང་གི་སྐད་ཕྱི་ཡུལ་གྱི་ཆོས་ཉིད་ལ་ཡོད་པ་དག་ཕྱོགས་སྡོམ་བྱས་པ་ཡིན།
---དམུ་དགེ་བསམ་གཏན།
རང་ཅག་བོད་ཀྱི་ཡི་གེ་ནི་སྒྲ་སྦྱོར་གྱི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། ལོ་སྟོང་ལྷག་རིང་ས་གནས་སོ་སོའི་ཡུལ་སྐད་ལ་འཕེལ་འགྱུར་ཚད་མི་འདྲ་བ་ཅི་རིགས་ཤིག་བྱུང་ནའང་། རྩ་བའི་སྐད་ཀྱི་འབྱུང་གཞི་གཅིག་ཡིན་པར་བརྟེན་སྦྱོར་ཚུལ་ཁུངས་དང་རིགས་འདེད་བྱ་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཡོད།
---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
ལོ་ངོ་སྟོང་ཕྲག་གི་རིང་ལ་བསགས་པའི་རྩ་བའི་ཐ་སྙད་མེད་པར་བཟོས་ནས། དུས་སྐབས་ཐུང་ངུ་ཞིག་ལ་རྩ་བའི་ཐ་སྙད་བཟོ་ཐབས་མེད་པ་སྨོས་ཅི་དགོས།
---དམུ་དགེ་བསམ་གཏན།
དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པར་བྲིས་པ་་ལས་རང་བཞིན་གྱིས་བྱུང་།
---དགེ་འདུན་ཆོས་འཕེལ།
ཚིག་གི་རྒྱན་ནི་མི་ཤེས་ཤིང་།། ཟབ་དོན་འབྱེད་པའི་བློ་མེད་པ།། བརྡ་སྤྲོད་གཞུང་ཡང་མ་བཀླགས་པར།། སྨྲ་ལ་དགའ་འདི་སྨྱོས་སམ་ཅི།།
---ཤེས་རབ་རྒྱ་མཚོ།
གསལ་བཤད་འདི་ནི་ཁོ་བོའི་ཧི་གཟུགས་ཟིན་བྲིས་ཞིག་ཡིན། ལེགས་བཤད་འདི་ཚོ་ད་ལྟ་མཁོ་གལ་ཆེ་བས་འདིར་བཀོད་པ་ཡིན།
ནམ་རྒྱུན་གྱི་འཚོ་བའི་གདམ་ངག་བཅུ། ཐུའོ་མ་སི་ཅེ་ཧ་ཕོ་སུན།
རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར།
ཐུའོ་མ་སི་ཅེ་ཧཕོ་སུན་ཞེས་པ་ནི། ཨ་རའི་སྲིད་འཛིན་གྱི་འགན་ཨང་གསུམ་པ་བཞེས་མཁན་དང༌།རང་བཙན་གྱི་བསྒྲགས་གཏམ།ཞེས་པའི་རྩོམ་པ་པོ་རེད།ཁོས་རང་གི་བུས་ངག་བཅོལ་ལྟར་ཡང་ཚ་ལ་བྲིས་པའི་ཡི་གེ་ཞིག་གི་ནང་དུ། ནམ་རྒྱུན་གྱི་འཚོ་བའི་གདམ་ངག་བཅུ་བཏོན་པ་འདི་ལྟ་སྟེ།
༡་ དེ་རིང་སྒྲུབ་ཐུབ་པའི་དོན་དག་དེ་སང་ཉིན་བར་དུ་གཏན་ནས་འགྱང་མི་རུང༌།
༢་ རང་གིས་སྒྲུབ་ཐུབ་པའི་དོན་དག་དེ་མི་གཞན་པར་ལན་ཆགས་གཏན་ནས་མ་བྱེད།
༣་ ལག་ཏུ་ད་དུང་འབྱོར་མེད་པའི་སྒོར་མོ་དེ་གཏན་ནས་མ་བཀོལ།
༤་ རིན་གོང་དམའ་བར་བལྟས་ནས་རང་ལ་མི་མཁོ་བའི་དངོས་པོ་གཏན་ནས་མ་ཉོ། དེ་ཁྱོད་ལ་མཚོན་གོང་ཤིན་ཏུ་ཆེ།
༥་ ང་རྒྱལ་གཏན་ནས་མ་སྐྱེ། དེ་ནི་ལྟོགས་སྐོམ་དང་གྲང་ངར་ལས་ཀྱང་འཚེ་བ་ཆེ།
༦་ ཟས་ལ་སྲེད་པ་མ་སྐྱེ། ཟོས་པ་ཉུང་ན་མི་ལ་འགྱོད་སེམས་སྐྱེ་རུ་འཇུག་མི་ཐུབ།
༧་སྒྲུབ་མི་འདོད་པའི་དོན་དེ་ཨུ་ཚུགས་ཀྱིས་མ་སྒྲུབས།དོན་གང་ལ་ཡི་རང་བ་ན་ད་གཟོད་བཟང་ཐོག་ལེགས་འཚོལ་བྱ་ཐུབ་ཅིང་སུན་སྣང་མི་སྐྱེ།
༨་ འབྱུང་མི་སྲིད་པའི་དོན་དག་དེར་གླེན་པས་རང་འཁྲུག་གཏན་ནས་མ་བྱེད།
༩་ དོན་གང་ཞིག་བསྒྲུབ་ན་དེའི་བྱེད་སྟངས་སམ་བྱ་ཐབས་ལ་མཁས་པོ་བྱེད་དགོས།
༡༠་ཁྱོད་ཁོང་ཁྲོ་ལངས་སྐབས་ཡུད་ཙམ་ངང་སྒུག་བྱས་རྗེས་ད་གཟོད་གཏམ་བཤད་ན་འོས།གལ་ཏེ་ཁོང་ཁྲོ་མེ་བཞིན་འབར་ཚེ།དེ་ལས་ཅུང་རིང་བསྡད་ནས་ཁོང་ཁྲོ་ཞི་རྗེས་ད་གཟོད་གཏམ་བཤད་དགོས།
ཡོང་ཁུངས་དགེ་ཆོས་དྲ་བ།
སློབ་གསོའི་གཏམ་རྒྱུད་ལས། བྲོས་སོང་བའི་སློབ་མ།
སྐྱབས་ཆེན་བདེ་གྲོལ།
སྒྲུང་འདིའི་ནང་གི་དགེ་རྒན་ཚེ་རིང་ལ་ནི་དུས་རྒྱུན་པར་སློབ་གཙོའི་མདུན་དུ་བཅར་བའི་གོ་སྐབས་མང་པོ་མེད་ནའང་ཁོ་དང་དགེ་རྒན་བླ་མ་གཉིས་ནི་ཆུང་དུས་ཀྱི་སློབ་གྲོགས་ཡིན་པས་བླ་མ་སློབ་གཙོའི་མདུན་དུ་བཅར་ཐེངས་འགར་ཁོ་འང་བླ་མའི་མཇུག་མར་འཇུས་ནས་དེར་འགྲོ་མྱོང༌། ཁོ་དང་བླ་མ་གཉིས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་མ་ཐག་པའི་ལོ་དང་པོ་དེར་བླ་མའི་རྐུབ་ན་རུས་པ་ཆུང་ཆུང་ཞིག་འབུར་བ་ལས་གཞན་ཅི་ཡང་མེད་མོད་ད་ལྟ་ནི་བླ་མའི་མཇུག་མ་དེ་མཉེན་ཞིང་ཕྲ་བའི་རྟ་ལྕག་ཅིག་དང་འདྲ་བར་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་འདུག་པས་མི་གཞན་ལ་སྐུང་ཐབས་ཀྱང་གཏན་ནས་བྲལ་ཅིང་ཁོས་གྱོན་པའི་དོར་མ་དག་ལའང་དེ་ཉིད་ཕྱིར་དོན་སའི་ཨི་ཁུང་རེ་མི་འཕུད་ཐབས་མེད་དུ་གྱུར་ཡོད།
ཉིན་འགའི་སྔོན་དུ། འཛིན་གྲྭའི་ནང་གི་སློབ་མ་ཞིག་གིས་ཚེ་རིང་གི་མཐོང་ས་ནས་དུ་བ་ཐེན་པར་མ་ཟད་ད་དུང“དགེ་རྒན་ལགས། ཁྱེད་ཀྱིས་ཨེ་འཐེན”ཟེར་བས་ཁོས་ཚིག་པ་གཏིང་ནས་ཟོས་ཏེ་སློབ་མ་དེའི་འགྲམ་པར་ཤུགས་ཡོད་ཚད་ཀྱིས་ཁུ་ཚུར་འགའ་གཞུས་ནའང་མཐའ་མར་རང་གི་ཁུ་ཚུར་ན་བ་ལས་སློབ་མ་དེར་ཞེད་སྣང་སྤུ་ཙམ་མེད་ས་འདྲ་བས་དབུགས་འཚང་བཞིན་ཕྱིར་ཁྱིམ་ལ་སོང་སྟེ་སློབ་མ་དེར་གཅར་བྱེད་ཀྱི་ལག་ཆ་ཞིག་ཨེ་རྙེད་བལྟས། དང་ཐོག་ཁོས་ཡུ་བ་རིང་ཞིང་མཆུ་བརྐྱངས་བསྐུམས་བྱ་ཐུབ་པའི་ལྕགས་ཀྱི་སྐམ་པ་དེ་ལག་ཏུ་བཟུང་ནའང་དེ་ཡིས་རྒྱག་ཐེངས་གཅིག་གིས་སློབ་མ་དེ་གཤིན་རྗེའི་རྒྱལ་བོའི་ཕྱོགས་སུ་བརྫངས་ན་རང་ཉིད་ཀྱང་བཙོན་ཁང་དུ་འདུག་དགོས་པར་སྙམ་ནས་དེ་ཉིད་སར་བཞག དེ་ནས་སློབ་མ་ཞིག་གི་ལག་ནས་འཕྲོག་པའི་ལྕགས་ཀྱི་མགོ་སྐོར་ལག་ལ་བླངས་མོད་གལ་སྲིད་མགོ་སྐོར་སྐོར་མ་ཤེས་པར་སློབ་གྲྭའི་ཅ་ལག་འགའ་བཅག་ཚེ་རང་ལ་སློབ་གཙོས་སྡིགས་རྒྱུ་རེད་སྙམ་ནས་དེའང་སར་བཞག དེ་ནས་ཁོས་ཡར་བཙལ་མར་བཙལ་མང་པོ་ཞིག་བྱས་རྗེས་རང་གི་ཆུང་མའི་དངུལ་གྱི་ཆབ་མ་རྙེད། ཡིན་ནའང་ཆབ་མ་སློབ་མ་དེའི་ལག་ཏུ་ཤོར་ནས་བྲོས་སོང་ཚེ་ཕྱིར་ལེན་དགོས་ནའང་དཀའ་མོ་རེད་སྙམ་ནས་དེའང་སར་བཞག་སྟེ་ཞིབ་འདང་མང་པོ་ཞིག་བརྒྱབ་རྗེས་དགེ་གྲོགས་བླ་མའི་སར་སོང་ནས་ཁོའི་སྦ་དབྱུག་སྦོམ་པོ་དེ་གཡར་རྒྱུ་ཐག་གིས་བཅད།
ཁོང་ཚང་དང་བླ་མའི་སྡོད་ཤག་གི་བར་དུ་གོམ་པ་བརྒྱ་ཙམ་ལས་མེད་ནའང་ལམ་གང་བོར་དབུགས་འཚང་བཞིན་མིག་ཀྱང་རབ་རིབ་ཏུ་སོང་བས་ཁོས་བླ་མའི་སྒོ་རྡུང་བའི་སྒྲ་དེའང་ཁྱེའུ་ཞིག་གིས་ཕྱེན་གཏོང་བ་དང་འདྲ་བར་གསལ་ལ་མི་གསལ་བ་ཞིག་ཏུ་གྱུར་བས་སྒོ་རྡུང་གིན་ཡོད་པ་རེད་ཟེར་བ་ལས་སྒོ་ལ་བྱིལ་བྱིལ་གཏོང་གིན་ཡོད་པ་རེད་ཟེར་བ་དགའ།མ་བསམ་ས་ནས་བླ་མ་ཁོའི་ལྟག་རྒྱབ་ནས་བུད་ཅིང་ཁོས་ལག་ཏུ་སྦ་དབྱུག་དེའང་ཐོགས་ཡོད་པར་མ་ཟད་དེའི་སྟེང་གི་ལྕགས་ཀྱི་གཟེར་མ་འགའ་ཁྲག་གིས་སྦགས་ཡོད་ལ་ཁྲག་ཐིགས་པ་རེ་གཉིས་མར་འཛག་གིན་འདུག
“གྲོགས་པོ་ལགས། ཁྱེད་ཅི་ལ་ཕེབས་སམ།” བླ་མས་འཛུམ་པའི་ཉམས་དང་བཅས་གཏམ་དེ་ངག་སྒོ་མར་ཕྱུང་ཞིང་ཁོའི་མཇུག་མའང་སྐད་ཆའི་འགྱུར་ཁུགས་དང་བསྡོངས་ཏེ་གཡུག་གཡུག་བྱས་པས་གུས་ལུགས་སྐྱོང་ཤེས་པའི་མི་ནི་ཁོ་མིན་ན་སུ་ཡིན་པ་སྙམ་པའི་སྣང་བ་ཞིག་སྟེར།
“གྲོགས་པོ་ལགས། ཁྱེད་ཀྱི་སྦ་དབྱུག་བདག་ལ་ལན་གཅིག་གཡར་བར་ཞུ”
“ཁྱོད་ཀྱིས་སྦ་དབྱུག་ཟེར་རམ། སྤྱིར་ན་དེ་གཡར་ཆོག་མོད་ངས་ཕྱི་དྲོ་སློབ་མ་མ་རུང་བ་འགར་སློབ་གསོ་ཞིག་གཏང་དགོས་པས་དེ་དགོང་ངམ་སང་ཉིན་ཞོགས་པ་གཡར་ན་ཆོག་གམ”
“དེ་ལྟ་ནའང་ཐེངས་འདིར་བདག་ལ་རོགས་པ་ཞིག་བྱ་རོགས། ངའི་སློབ་མ་དེ་ཚོས་ངོ་མ་དགེ་རྒན་མིག་ནང་ལ་མི་འཇོག ཁོ་ཚོས་ངའི་མཐོང་ས་ནས་དུ་བ་ཐེན་པར་མ་ཟད་ད་དུང་ང་ལ་ཨེ་འཐེན་ཟེར། སྐབས་དེར་ང་ལ་ཞེ་སྡང་ལངས་ནས་ལུས་ཀྱང་འདར་བར་གྱུར་བས་སློབ་མ་དེར་ཁུ་ཚུར་གྱིས་ཐེངས་འགར་གཞུས་ཀྱང་གནད་དུ་ཁེལ་བ་ཞིག་གཞུ་མ་ཐུབ།”
“མིག་ཚེར་མས་ཞར་རྒྱུ་དེ་ཚོར་ཅི་བྱས་ན་དགའ་འམ། ད་དུང་ཐབས་ཤིག་ཡོད་པ་ནི་ཁྱིམ་བདག་ལ་སྤྲད་རྒྱུ་དེ་རེད། ཕ་རོ་མ་རོ་ཟ་བའི་ཁྱིམ་བདག་དེ་ཚོས་སློབ་མར་སློབ་གསོ་ཡག་པོ་མི་གཏོང་བའི་ཐོག་ལ་ད་དུང་ཁོ་ཚོའི་འདོད་པ་ལྟར་གོས་གང་ཡག་དང་ཟས་གང་ཞིམ་བདམས་ནས་སྦྱིན་པར་བྱེད། རང་གི་བྱིས་པ་གླེན་པ་ལུག་ལྟ་བུ་ཞིག་ཏུ་འགྱུར་བཞིན་པའང་ཤེས་ཀྱིན་མི་འདུག སྤྱིར་ན་ངས་དོན་འདི་སློབ་གཙོར་ཡར་ཞུ་བྱ་ཆོག་མོད་འོན་ཀྱང་ཉིན་འདི་གར་ཁོང་གི་ཁྲག་ཤེད་ཇེ་མཐོར་སོང་ཞིང་སྙིང་ཡང་བདེ་ཡི་མེད་པས་གནས་སྐབས་རིང་འུ་ཚོ་ཁ་རོག་གེར་འདུག དུས་ལ་བསླེབ་ཚེ་འོས་འཚམ་གྱིས་ཐག་གིས་གཅད། ད་དེ་བྱོས། ཁྱོད་ཀྱི་སློབ་མའི་གནས་ཚུལ་དེ་ཅུང་ཚབས་ཆེ་བས་ངས་ཁྱོད་ལ་སྦ་གཡུག་གཡར་བར་བྱ། ང་རང་ལ་རྒྱུན་ལྕག་ཕྲ་མོ་ཞིག་ཡོད་པས་དེས་ཀྱང་ཆོག”
བླ་མས་ཚེ་རིང་གི་ཕྱོགས་སུ་སྣུམ་ཞག་གིས་གྱི་ལེར་ཟིན་པ་ལྟ་བུའི་སྦ་དབྱུག་དེ་གཏད་བཞིན་པའི་སྐབས་སུ་གྲིབ་མ་ནག་པོ་གཡག་རོག་པོས་འཚང་ཁ་རྒྱག་བཞིན་པ་ལྟ་བུ་ཞིག་གིས་ཁོང་གཉིས་དང་བཅས་པའི་སློབ་གྲྭ་དེ་ཡོངས་སུ་བཏུམས་འདུག་ཅིང་སློབ་གྲྭའི་རྒྱ་སྒོ་ན་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པའི་གསར་བུ་སྐྲ་རིང་དེ་ཚོའང་གྲང་སྣང་ཞིག་དང་མཉམ་དུ་ཟ་ཁང་ཆུང་ཆུང་ཞིག་ཏུ་འཛུལ།
སྦ་གཡུག་དེ་ལག་ཏུ་ཐོབ་པས་ཚེ་རིང་ཁོ་བླ་མར་བཀའ་དྲིན་ཞུ་བའི་ཚིག་གཅིག་ཀྱང་ཞུ་ལོང་མེད་པའི་ངང་སྒོར་བུད་པ་དང་རྒྱུགས་ཐེངས་གཅིག་གིས་འཛིན་གྲྭའི་སློབ་ཁང་ནང་དུ་སླེབ། ཡིན་ན་འང་སློབ་ཁང་ནང་དུ་སློབ་མ་དེ་མི་འདུག་པར་མ་ཟད་ཁོའི་རྐུབ་སྟེགས་ཀྱི་སྟེང་དུ་ཟ་འཕྲོ་བྱས་པའི་གོ་རེ་ཞིག་བསྐྱུར་འདུག
“དམྱལ་བར་སྐྱེ་རྒྱུ་དེ་གང་དུ་སོང་བ་སུས་ཤེས། ཁོས་ཟ་མ་འཕྲོ་བརླག་ཏུ་གཏོང་བའི་ཚུལ་དེ་ལ་ལྟོས་དང་། མི་ངན་པ་ཡིན་པ་གསལ་བཤད་བྱ་ནུས།”ཏག་ཏག་ཁོས་སྐད་ཆ་དེ་ལབ་པའི་དུས་སུ་འཛིན་གྲྭའི་ནང་གི་སློབ་མ་ཆུང་ཆུང་ཞིག་གིས་གཉིད་ནས་སྔུར་བ་འཐེན་གྱིན་ཡོད་པས་ཁོས་དེ་མུར་སློབ་མ་དེའི་རྣ་བ་ནས་བཟུང་སྟེ་ཡར་བསླངས་པ་དང་། ཟ་འཕྲོར་ལུས་པའི་གོ་རེ་དེ་ཁོའི་ཁ་ནང་ལ་བཙན་གྱིས་བཅུག་པར་མ་ཟད་སྒལ་གཞུང་ལ་སྦ་གཡུག་གིས་ཐེངས་འགར་གཞུས་པས་ཁ་ནང་གི་གོ་རེ་དག་ཀྱང་ཤོག་སྦག་གས་པ་བཞིན་ག་ས་གར་འཐོར་སོང་།
“གདོན་ཕྲུག་ཚོ། གསལ་བོར་ཤོད། ཁོ་གང་དུ་བུད་སོང་། དེ་རིང་ཁོ་ལ་འབྲོ་ས་ཞིག་ཨེ་ཡོད་བལྟ།”
“ཁོ་རང་གི་ཨ་མས་ཁྲིད་སོང་། ཁོའི་ཨ་མས་ཀྱང་ཁོ་འཁྲིད་སྐབས་ཁྱེད་དང་འདྲ་བར་ལག་ཏུ་གཡུག་པ་ཞིག་ཐོགས་འདུག ཕར་བལྟས་ན་མོ་ནི་བུད་མེད་བཙན་པོ་ཞིག་ཡིན་པ་འདྲ།”
“ དེས་ན་ཁྱོད་ཚོའི་ནང་གི་གཅིག་གིས་ལམ་ཁྲིད་དང་། ངས་ད་ལྟ་ཉིད་ནས་ཁོ་ཕྱིར་སློབ་གྲྭར་འཁྲིད་ཡོང”
སྐབས་དེར་སློབ་མ་ཚང་མས་ཕན་ཚུན་གྱི་གདོང་ལ་ཅེར་བ་ལས་ལན་འདེབས་མཁན་མི་འདུག་མོད་རྒྱུན་པར་ཁ་ནང་ན་ཅི་ཞིག་ལྡོད་མཁན་གྱི་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེས་མྱུར་བར་ཡར་ལངས་ནས“དགེ་རྒན་ལགས། ཁོང་ཚང་གང་དུ་ཡོད་པ་ངས་གསལ་བོར་ཤེས་པས་བདག་གིས་ཁྱེད་ལ་ལམ་འཁྲིད་ཆོག”ཟེར།
ཅི་ཞིག་གི་རྐྱེན་གྱིས་ཡིན་པ་ཆ་མ་འཚལ་མོད། བུ་མོ་ཆུང་ཆུང་དེའི་མིག་རྩ་དམར་པོར་གྱུར་འདུག་པ་དང་མིག་སྐྱིབས་སྐྲངས་འདུག ཁོས་སྒོར་འབུད་པའི་གྲབས་གཤོམ་ཡང་བགྱིས་མ་ཚར་བའི་དུས་དེར་བུ་མོ་ཆུང་ཆུང་དེ་གོམ་ཞེང་ཆེན་པོས་སྒོར་བུད་འདུག་པས་ཁོས་ཀྱང་མོའི་རྗེས་མི་འདེད་ཀ་མེད་བྱུང་།
མོས་གློ་བུར་ཏུ་གདོང་ཕྱིར་འཁོར་བའི་སྐད་ཅིག་མ་དེར་མོའི་གདོང་གི་མདངས་ཡོངས་རྫོགས་དམར་པོར་གྱུར་ཡོད་ལ་ཚུགས་ཀ་དེ་དགེ་རྒན་ཚེ་རིང་གི་སེམས་སུ་ངོ་གདོང་ཁྲག་གིས་སྦགས་པའི་སྤྱང་ཕྲུག་མ་ཞིག་ཏུ་སྣང་སོང་། དེ་ལྟ་མོད་ཁོས་བུ་མོ་ཆུང་ཆུང་དེར“ཁོ་གང་དུ་ཡོད་པ་རེད”ཅེས་ཡང་དང་བསྐྱར་བའི་འདྲི་བའི་མཚམས་ནི་ཆད་པ་མེད་ལ་དེ་དང་ལྷན་ཅིག་མོའི་གོམ་སྟབས་ཇེ་མགྱོགས་སུ་སོང་ནས་ཁོ་རང་དབུགས་འཚངས་ཏེ་ཨ་ཐང་ཆད་པའི་ཚད་ནི་ཇེ་ཆེར་གྱུར། བུ་མོ་ཆུང་ཆུང་དེས་སྤོབས་པ་དང་བཅས་སྔར་བཞིན་གོམ་སྟབས་སྒྱུར་བ་ལས་ཁོར་ལན་མི་སློག ཚུལ་དེར་བལྟས་ན་བྲོས་སོང་བའི་སློབ་མ་དེ་ཉེན་རྟོག་པས་འཇབ་རྒོལ་གྱིས་ཉེས་ཅན་འཛིན་པ་ལྟར་རྙེད་ཐུབ་པ་འདྲ།
ལམ་ཐག་རིང་དྲགས་པའམ་སེམས་པ་འཚབ་དྲགས་པ་གང་ཡིན་ཆ་མ་འཚལ་མོད་དགེ་རྒན་ཚེ་རིང་གི་ཁྲོ་བའི་ཚོར་བ་དེ་ཉིད་འཇིགས་སྣང་ཁྱད་པར་བ་ཞིག་གིས་མར་ནོན་པ་ལྟ་བུར་གྱུར་བས་ཁོས་བྱ་འཕུར་བ་ལྟར་རྒྱུག་གིན་པའི་བུ་མོ་ཆུང་ཆུང་དེར“ཀྭ་ཡེ། ཅུང་ཙམ་དལ་མོ་བྱོས་ཤིག ཡང་ན་འུ་ཚོ་ཕྱིར་འགྲོ་བར་བྱ། སང་ཉིན་བཙལ་དུ་སོང་ཡོང་མི་འཕྱི”ཟེར་དགོས་བྱུང་།
མགོ་ཐོག་ལ་ཚུར་འཕྲོས་པའི་ཉི་འོད་དག་སྤྲིན་གྱི་གྲིབ་མ་དང་སྤྲིན་གྱི་གྲིབ་མར་འདྲ་བའི་ནགས་ཀྱི་ལོ་མ་མཐུག་པོས་བསྒྲིབས་པར་བྱས་ཤིང་རླུང་བུ་འཁྱག་པ་ཞིག་ཀྱང་མཚམས་དང་མཚམས་སུ་ལྡང་བས་ལམ་ལ་ཆས་ཁར་ལྭ་བ་མཐུག་པོ་ཞིག་གྱོན་མ་ཡོང་བར་ཁོར་འགྱོད་སྣང་ཅུང་ཙམ་བྱུང་། ཡིན་ནའང་བྲོས་སོང་བའི་བྱིས་པ་དེ་ཕྱིར་ལག་ཏུ་རྙེད་ཚེ་གྱོང་གུན་ཅི་ཡང་མི་འདུག་སྙམ།
ཆུང་ངུའི་དུས་སུ་ཁོའང་ནགས་ཚལ་འདིར་མྱུལ་མྱོང་ལ་སྐབས་དེར་དེའི་ནང་གི་གཅན་གཟན་གདུག་པ་ཅན་དག་ལ་མིག་གིས་ལྟ་ཙམ་བྱེད་པ་མ་གཏོགས་དངོས་སུ་བཅར་ཐུབ་པའི་སྐྱེ་བོ་སུ་ཡང་མེད་དེ་ཁོའི་ཨ་ཕས་ཐག་རིང་ནས་ཁོ་རང་རྟ་གོང་ནས་ཡར་བཀྱགས་ཏེ་སྟག་གཟིག་དོམ་དྲེད་ཀྱིས་ང་རོ་སྒྲོག་པའི་ཚུལ་ལ་ཡུད་ཙམ་རིང་ལྟ་རུ་བཅུག་རྗེས་ཁོའི་མིག་གཉིས་ཀ་ལག་པས་བསུབ་ནས“ད་འུ་གཉིས་ཕྱིར་འགྲོ”ཞེས་སྨྲས་པ་ཝ་ལེར་དྲན།
མདུན་ཕྱོགས་ནས་ཡལ་ཀ་མང་པའི་ཤིང་སྡོང་དམར་ཧྲེང་བ་ཞིག་མངོན་པ་དང་མཉམ་དུ་བུ་མོ་ཆུང་ཆུང་དེས་གློ་བུར་ཏུ་འགྲོ་མཚམས་བཞག་སྟེ“དགེ་རྒན་ལགས། གཟིགས་ཤིག་དང་། ཁོང་གན་ན་ཡོད་པ་དེ་རེད”ཟེར།
ཁོའི་མིག་གིས་ཅེ་རེར་བལྟས་པ་ན་སྤྲེའུ་རྒྱལ་ཨི་གུང་གི་སློབ་ཕྲུག་ནང་གི་ཡིན་པ་ལྟ་བུའི་སྤྲེལ་ཕྲུག་ཅིག་གིས་ཤིང་སྡོང་གི་ཡལ་ཀར་ཤུགས་ཆེན་པོས་སོ་འདེབས་བཞིན་ཙི་སྒྲ་སྒྲོག་གིན་འདུག ཡོང་ཁུངས་མཆོད་མེ་དྲ་བ།
2010/1/28

Subscribe to:
Posts (Atom)