རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།
རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
ཚན་རིག་པ་ཞིག་གིས་བོད་ཀྱི་རྩོམ་རིག་ལ་བལྟ་བ།
འབུམ་རམས་པ་ཌེ་ཝི་ཌི་ནི་དགོང་ལོ་བརྒྱད་བཅུར་སོན་པའི་དངོས་ཁམས་ཚན་རིག་པ་གྲགས་ཅན་ཞིག་རེད།  ང་ཁོང་དང་ངོ་ཤེས་ནས་ལོ་ངོ་གསུམ་ཙམ་འགྲོ་བཞིན་འདུག་མོད།  ལོ་རེར་ཟླ་གཅིག་རེ་ཙམ་ལ་མ་གཏོགས་མཉམ་དུ་འདྲིས་མྱོང་མེད། དེ་ཡང་ལས་ཀའི་བར་གསེང་ནས་ཡིན་པས་དལ་དལ་ལྷོད་ལྷོད་ཀྱིས་ཁ་བརྡ་ཞིག་བྱང་མ་མྱོང་། ང་རང་གྲོང་ཁྱེར་འདིར་འབྱོར་ནས་ཟླ་དྲུག་ཙམ་འགོར་རྗེས་ཤིག་ལ་ངས་གློག་འཕྲིན་བརྒྱུད་ནས་ཁོང་ལ་འཚམས་འདྲི་ཞིག་བྱས་པ་ཡིན།  ཕར་ཚུར་གློག་འཕྲིན་རེ་གཉིས་བསྐུར་བའི་རྗེས་སུ་ངེད་གཉིས་ཀྱིས་དུས་ཆད་བཏབ་ནས་རེས་གཟའ་མཇུག་ཅིག་ལ་ཉེ་འཁོར་གྱི་ཟ་ཁང་ཞིག་ཏུ་འཛོམས་རྒྱུ་བྱས།
གཟའ་མཇུག་དེར། ང་རང་ཞོགས་པའི་ཆུ་ཚོད་བཅུ་པ་ཙམ་ལ་ཡར་ལངས་ནས་མལ་ལེ་སུམ་ཅུ་ལྷག་གི་སར་ཡོད་པའི་གྲོང་ཁྱེར་དཀྱིལ་གྱི་ཟ་ཁང་དེའི་ཕྱོགས་སུ་བསྐྱོད་པ་ཡིན།  ང་རང་གནས་དེར་འབྱོར་དུས་ཧ་ལམ་ཆུ་ཚོད་༡༠ དང་སྐར་༤༥ ཙམ་ཟིན་འདུག་ཁོང་སྔ་མོ་དེ་གར་འབྱོར་འདུག  ངས་ཞོགས་ཟས་དང་གུང་ཚིགས་འདྲེས་མའི་ཟ་མ་ཞིག་མངགས་རྗེས་ཁོང་དང་ཡུན་རིང་ཁ་བརྡ་བྱས་ནས་བསྡད་པ་ཡིན།
དེང་སང་རྩོམ་ཡིག་འབྲི་གིན་ཡོད་དམ། ཁོས་གཟབ་ནན་གྱིས་ང་ལ་ཅེར་རེར་དེ་ལྟར་དྲིས་བྱུང་།  ཡོད།  འབྲི་གིན་ཡོད། ཡིན་ན་ཡང་།  ཀློག་མཁན་དག་གི་འདོད་བློ་དང་མཐུན་པ་ཞིག་འབྲི་ཐུབ་ཀྱིན་མི་འདུག
ཁོང་ནི་དམིགས་བསལ་གྱིས་རྩོམ་རིག་ལ་མཁས་པ་དེ་འདྲ་ཞིག་གཏན་ནས་རེད་མི་འདུག་མོད། འོན་ཀྱང་། རྩོམ་རིག་ལ་དོ་སྣང་ཆེན་པོ་ཡོད་ཅེས་ཡང་ཡང་བརྗོད་མྱོང་བ་མ་ཟད། དེ་སྔོན་ངས་ཁོང་ལ་བོད་ནང་གི་རྩོམ་ཡིག་རེ་ཟུང་བཀླགས་མྱོང་ཡོད། དེ་རིང་ཡང་ཁོས་བོད་ནང་གི་རྩོམ་རིག་གི་ཁ་ཕྱོགས་དང་གནས་བབ་སྐོར་ནས་དྲིས་སོང་བས། གློ་བུར་དུ་ངས་ལན་ཇི་ལྟར་འདེབས་དགོས་པའང་མ་ཤེས། ཨེན་ཙམ་ནས་ངས་ལག་ཁྱེར་ཁ་པར་ཐོག་ནས་ཁོང་ལ་(ང་ཡི་ཁྲི་ཤོར་རྒྱལ་མོ) དང་། (མ་ཎི་རྡོ་འབུམ) (མི་རབས་གསར་པ) ད་དུང་(ས་སྲོས་ཀྱི་སྨྲེ་ངག་)སོགས་གླུ་གཞས་དང་གློག་བརྙན་རེ་ཟུང་ངོ་སྤྲོད་དང་། དེ་དག་གི་བསམ་བློའི་ཁ་ཕྱོགས་སོགས་ཀྱི་ཐད་ལ་སྐད་ཆ་བཤད་པ་ཡིན།
ཁོས་ཨན་ཙམ་གྱི་རིང་ལ་བསམ་བློ་བཏང་རྗེས།  བོད་ཀྱི་རྩོམ་རིག་ལ་བལྟས་ན། མང་ཆེ་ཤོས་ཤིག་གིས་ཚོར་བ་གླེང་གིན་འདུག  དེ་ཡང་ཕྱོགས་གཅིག་ནས་རེད།  གང་ལྟར། རྩོམ་རིག་ལ་དང་དོད་ཆེ་བ་ཙམ་གྱིས་མིའི་བསམ་བློའི་གོ་རྟོགས་འཕེལ་བར་གཞོགས་འདེགས་ཀྱི་ནུས་པ་རྒྱ་ཆེན་པོ་ཐོན་པ་རེད།ཞེས་སྐད་ཆ་ལྷག་མ་ཕྱིར་བསྐུམས་སོང་།
ངས་འདིར་བསྟན་པ་དག   བོད་ཀྱི་རྩོམ་རིག་གི་ཚབ་མཚོན་རང་བཞིན་ཅན་ཏག་ཏག་མ་རེད།  གཞས་འདི་དག་ནི་ང་རང་ཉན་སྤྲོ་བའི་གཞས་དག་ལས་རེ་ཟུང་རེད།  ཁྱེད་རང་གིས་བོད་ཀྱི་རྩོམ་རིག་གིིས་ཚོར་བ་གཙོ་བོར་གླེང་གིན་འདུག་ཟེར་དོན་ག་རེ་ཡིན་ནམ ངས་ཁོང་ལ་ནན་གྱིས་དྲིས།
ཚོར་བ་དང་བསམ་བློ་ཁག་ཁག་རེད།  རྩོམ་རིག་ལ་མཚོན་ན་བསམ་བློ་གཙོ་བོ་དང་ཚོར་བ་ཕལ་བར་བརྩིས་ན་འགྲིག་འདུག  དཔེར་ན། མི་ཞིག་ལ་སྐུལ་སློང་བྱེད་དགོས་ན། ཐོག་མར་ཁོ་ལ་སྐུལ་སློང་བྱེད་དགོས་པའི་དགོས་པ་དང་རྒྱུ་མཚན་གསལ་བོར་ངེས་པར་བྱེད་དགོས་པ་རེད།  ཁོའི་བསམ་བློའི་གནས་ཚད་དེ་རྩོམ་པ་པོའི་བསམ་བློའི་གནས་ཚད་དེར་ཡར་འཐེན་བྱེད་དགོས་པ་རེད། ནམ་ཞིག་ཀློག་པ་པོའི་བསམ་བློའི་གནས་ཚད་དེ་རྩོམ་པ་པོའི་གནས་ཚད་དེ་སླེབས་པའམ་གང་ལྟར་དེ་ལ་རྒྱུས་ལོན་པ་ཡིན་ན། གཞི་ནས་ལམ་དེར་ཞུགས་པར་སྐུལ་འདེད་བྱེད་དགོས་པ་རེད། སྐུལ་འདེད་བྱེད་པར་ཚོར་བ་བེད་སྤྱད་པ་རེད། དེ་ནི་ལག་ཆ་ལྟ་བུ་རེད། 
ངེད་གཉིས་ཁ་བརྡའི་དབྱིངས་ལ་ཞུགས་ནས་དུས་ཚོད་ག་ཚོད་ཅིག་འགོར་སོང་བ་མ་ཤེས་མོད།  ལག་ཁྱེར་ཁ་པར་ཅོང་སྒྲ་ལས་(བསམ་དོན་འགྲུབ་གླུ་) གྲགས་ནས་ཐོན་བྱུང་བས། ངས་ད་གཟོད་ཕྱི་དྲོའི་ཆུ་ཚོད་བཞི་པར་གྲོགས་པོ་ཞིག་དང་ཐུག་རྒྱུའི་དུས་ཆད་བཏབ་ཡོད་པ་དྲན་སོས་སོང་།  ཕྱི་དྲོའི་ཆུ་ཚོད་བཞི་པ་ཐོན་འདུག  ངས་བྲེལ་འཚུབ་ཀྱིས་ཁོང་ལ་གྱེས་ཕྱག་ཕུལ་རྗེས་མྱུར་དུ་གྲོགས་པོ་ཐུག་ཏུ་ཕྱིན།
ལམ་བར་དུ་འགྲུལ་ལམ་དམ་དྲགས་ནས་ག་ལེར་འགྲོ་བ་ལས་འོས་མི་འདུག་པས། རླངས་འཁོར་བསྐོར་ཞོར་དུ་ངའི་ཁོང་གི་སྐད་ཆ་དེར་བསམ་གཞིགས་བྱས། ཁོང་གི་བསམ་བློ་ལྟར་ན། རྩོམ་རིག་གིས་ཁ་གང་གསལ་གྱིས་མི་གཞན་གྱི་བློ་སྒོ་འབྱེད་པའི་བསམ་བློ་དང་། ལག་རྩལ་སོགས་ཀྱིས་མཚོན་པའི་ཤེས་བྱ་འཁྲིད་རྒྱུ་གཙོ་བོར་འཛིན་རྒྱུ་དེ་ཡིན་ས་རེད།
གནས་སྐབས་ཀྱི་ཚོར་བ་ཙམ་ལ་བརྟེན་ནས་འུར་ཟིང་ངེར་གྱུར་བའི་གནས་ཚུལ་གང་འདྲ་ཞིག་ལ་ཡིན་རུང་། དེར་མཐར་ཐུག་གི་གྲུབ་འབྲས་ཤིག་མེད་པ་ནི་དོན་དངོས་རེད་འདུག་པས།  བསམ་བློའི་གོ་རྟོགས་མཐོར་འདེགས་བྱེད་རྒྱུ་གཙོ་བོར་འཛིན་དགོས་པ་ནི་གང་ལ་བལྟས་ཀྱང་གནད་འགག་ཅིག་རེད་འདུག
ཡོང་ཁུངས་མཚོ་སྔོན་པོའི་འདྲེ་རིག་ལྡན་གྱི་ཟིན་བྲིས།