རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།
འབྲེལ་ཡོད་ཀྱི་དྲ་འབྲེལ།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
-
ངས་རྒྱུན་རིང་བོ་ཞིག་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་ཞེས་པའི་མིང་ཚིག་འདིའི་དོན་ལ་བསམ་གཞིག་ཅིག་བཏང་བ་ཡིན་མོད། རང་ལ་ཤེས་ཡོན་དམན་དྲགས་པའི་རྐྱེན་གྱིས...
-
ངས་བོད་ ཕྱི་ ནང་ གཉིས་ ཀྱི་ དྲ་ རྒྱ་ ཁག་ ཅིག་ ཏུ་ ཟིན་ བྲིས་ ཀྱི་ ས་ མིག་ ཅིག་ ཉར་ ནས། རང་ ཉིད་ ཡར་ རྒྱས་ དང་ མི་ རིགས་ ཀྱི་ བདེ་ སྡུག་ རེ་ ...
-
བསམ་འཆར་བཤད་ན་གོང་གི་ཟིན་བྲིས་གཞན་དག་ཀློག་ནས་བཤད་རོགས། དེ་མིན་ཕྱོགས་མང་བོ་ཞིག་ནས་གོ་ནོར་ཐེབས་སྲིད། སྤྱིར་བཏང་སྐད་ཆ་རིང་དྲགས་ནས་ཟིན་བྲིས་གཅི...
-
དོན་ གཉེར་ ཅན་ ཚོའི་ ཧོར་ གཙང་ འཇིགས་ མེད་ ཀྱི་ 《ཁྲག་ ཐིགས་ ལས་ སྐྱེས་ པའི་ ལྗང་ སྨྱུག》དང་ 《བོད་ ཀྱི་ རྩོམ་ རིག་ སྒྱུ་ རྩལ》་ ཀློག་ ན་ གསལ་ བ...
-
གྲྭ་བཙུན་ཡིན་མིན་ལ་དཔྱད་པ། སྤྱིར་བཏང་དེ་རིང་ཁོ་བོས་འབྲི་འདོད་པ་འདི་ནི་སྔོན་གྱི་མཁས་དབང་དག་གིས་གསུངས་ཟིིན་ན་ཡང་། ད་ལྟའི་དུས་སུ་མང་བོ་ཞིག་གིས...
-
ཚོགས་ ཆུང་ ཁག་ ཅིག་ གིས་ འདི་ ལྟརདུས་ ཚོད་ འཕྲོ་ བརླག་ ཏུ་ བཏང༌། སྤྱིར་ བཏང་ བོད་ གཞུང་ མང་ རྒྱལ་ ཡོངས་ ཚོགས་ ཆེན་ ཐེངས་ དང་ པོ་ འདིར་ ཕྱོགས...
-
༄༅།། ལམ་ ལབ་ དུས་ ཡོད་ ཚད་ ཀྱི་ སེམས་ ལ་ ཏན་ ཏན་ མ་ འདྲ་ བ་ རེ་ འཆར་ སྲིད།ངས་ དེ་ རིང་ འབྲི་ བཞིན་ པའི་ ལམ་ འདི་ ཐོག་ མ་ གང་ ནས་ བྱུང་ རྩོད...
-
-
བོད་ཀྱི་གྲྭ་བཙུན་ཚོ་གླེང་སྟངས་ཤིག པར་ཡོང་ཁུངས་དྲ་རྒྱ་ཡིན། སད་མི་བདུན་པོ་དེ་རབ་ཏུ་བྱུང་དུས་སུ། ། བོད་ཀྱི་གྲྭ་བཙུན་དེ་ཀུན་གྱིས་བརྩི་བཀུར་བྱ...
-
དགའ་བ་བརྒྱ་ལྡན་གཞུང་དང་སྤྱི་ཚོགས་སྡེ། ཆོལ་ཁ་ཆོས་ལུགས་སོགས་ཀྱི་མཐུན་ལམ་ལ། གནོད་འགྱུར་དབྱེན་སྦྱོར་བརྗོད་ཚིག་རྩུབ་མོ་དག ཟིན་བྲིས་རྭ་བ་འདི...
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།
འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།
གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Monday, October 4, 2010
ཚོགས་ཆུང་ཁག་ཅིག་གིས་འདི་ལྟརདུས་ཚོད་འཕྲོ་བརླག་ཏུ་བཏང༌།
སྤྱིར་བཏང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འདིར་ཕྱོགས་མཐའ་མང་བོ་ནས་གཞུང་སྒེར་གཉིས་ཀྱི་མི་སྣ་འཛོམས་ཡོད་ལ། ཕྱི་ཚེས་ ༢༦་ ཉིན་སྦེལ་ཀོབ་བདེ་སླར་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་གསུང་བཤད་གནང༌། དེའི་རྗེས་བཀའ་ཁྲིས་ཞིབ་ཕྲའི་སྒོ་ནས་བཀའ་གསུང་སྒྲོག་རྒྱང་གནང་བྱུང༌། དེ་ནས་དོན་ཚན་དྲུག་གི་སྟེང་ལ་ཚོགས་ཆུང་བགོས་ནས་བགྲོ་གླེང་བྱེད་ཀྱིན་འདུག་ལ། སྐབས་འདིའི་ཡོངས་གྲགས་ཀྱི་གནས་ཚུལ་ཁག་གསར་འགོད་པ་མང་བོས་བསྒྲགས་ཟིན་པ་ལྟར་ཡིན་པས་བསྐྱར་ཟློས་བྱས་ནས་ཅི་ཕན།
གཤམ་ནས་ཐེངས་འདིའི་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་བཤད་དང་དེ་བཞིན་ཚོགས་འདུ་བསྡུ་སྐོང་གི་ཉོག་དྲ་སྐོར་ཞིག་དྲ་གྲོགས་ཚོ་ལ་གླེལ་མོལ་གྱི་ཚུལ་དུ་ཕུལ་འདོད་སྐྱེས། ཐེངས་འདིར་སྔོན་མ་ཉིས་སྟོང་བརྒྱད་ལོ་ལྟར་མི་མང་གི་བསམ་འཆར་བསྡུ་ལེན་མ་བྱས་པ་ཅི་ཡིན་སོགས་ཀྱི་གནས་ཚུལ་དང༌།
དོན་ཚན་དང་པོ། མཛད་སྒོའི་སྟེང་བསྩལ་བའི་སྤྱི་འཐུས་ཀྱི་གསུང་འཕྲིན་ནང་དུ་༼ ཉིན་དྲུག་རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འདི་བཞིན་བཅའ་ཁྲིམས་དགོངས་དོན་གྱི་ལས་རིམ་ཞིག་མིན་ནའང༌། ༧གོང་ས་མཆོག་གི་བཀའ་དགོངས་དང་དེའི་རྗེས་འབྲེལ་གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཞིག་ཡིན། དེ་ལྟ་ནའང་ཚོགས་འདུ་འདིའི་ཕྱོགས་བསྡོམས་བསམ་ཚུལ་གང་བྱུང་བ་རྣམས་ལ་ཁྲིམས་ཀྱི་ནུས་པ་མེད༽་ཅེས་གསུངས་པ་འདི་ལ་ཚོགས་ཆུང་ཁག་ཅིག་གི་ཚོགས་མིས་བློ་ཕམ་ཡོད་ཚུལ་དང་གྲུབ་འབྲས་ཐད་ལ་སེམས་ཁྲེལ་བྱེད་རྒྱུ་འདུག
དོན་ཚན་གཉིས་པ། ༼དབུ་མའི་ལམ་དང༌། རང་བཙན། རང་ཐག་རང་གཅོད་སོགས་ལ་བགྲོ་གླེང་གི་དུས་ཚོད་མང་བོ་གཏོང་མི་དགོས་ཐོག༽་ཅེས་པའི་བཀའ་གསུང་འདི་ལ་ཚོགས་བཅར་བ་འགའ་རེས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་འདུག རྒྱུ་རྐྱེན་གང་ཞེ་ན། ཚོགས་ཆུང་ཚང་མའི་ནང་དུ་ཉིན་དང་པོ་དང་གཉིས་པའི་སྔ་དྲོ་ལ་ཆབ་སྲིད་དང༌། མང་གཙོ་འཕེལ་རྒྱས་གཉིས་ཀྱི་སྟེང་བགྲོ་གླེང་གནང་རྒྱུའི་དུས་ཚོད་བཞག་ཡོད་པས་རེད་འདུག་ལ། ཆབ་སྲིད་ཀྱི་ལྟ་བ་ལས་ལོགས་སུ་ཆབ་སྲིད་སྐོར་ལ་བགྲོ་གླེང་གང་འདྲ་བྱེད་དགོས་རེད་ཅེས་ཚོགས་ཆུང་འགའ་རེ་ནས་བསམ་འཆར་བཏོན་རྒྱུ་འདུག དེ་ནི་མི་འདོད་པའི་རྣམ་འགྱུར་ཅིག་ཡིན་པ་རེད་ལ། གནས་ལུགས་དང་རྒྱུ་མཚན་མེད་པའི་སྐད་ཆ་ཞིག་ཀྱང་མ་རེད།
དོན་ཚན་གསུམ་པ། ད་རེའི་ཚོགས་ཆུང་ཁག་ཅིག་ཏུ་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་གྲོས་ཆོད་མང་མོས་ཐོག་བཞག་རྒྱུ་གཏན་ཁེལ་རྒྱུའི་བཟོ་ལྟ་ཡོད་ཚུལ་གོ ཡང་ཚོགས་ཆུང་གཞན་ནས་སྐད་ཆ་དེ་གོ་རྗེས་བསྐྱར་དུ་སྤྱི་མོས་ཐོག་ནས་གྲོས་ཆོད་བཞག་ཟིན་པ་ལ་བསམ་འཆར་བཤད་པ་མ་ཟད། ཇི་སྲིད་བོད་མི་རིགས་ཀྱི་བདེན་མཐའ་མ་སེལ་བར་ཆོས་སྲིད་ཟུང་འབྲེལ་དགོས་སྐོར་གླེང་འདུག་ལ། དེ་ལ་བསྐྱར་དུ་གནད་ཡོད་མི་སྣ་འགའ་རེས་མོས་འཐད་མེད་པའི་གསལ་བཤད་གནང་ཡོད་པ་རེད། ཆོས་རྒྱུད་སྤྱི་འཐུས་དགོས་ཀྱང་ཇི་སྲིད་བོད་རྒྱལ་ཁབ་གནས་པ་དེ་སྲིད་དུ་ཆོས་སྲིད་ཟུང་འབྲེལ་བྱེད་པ་ལ་མོས་འཐད་ཅེས་ཚིག་ཐག་བཅད་ནས་བཤད་འདུག གང་ལྟར་ཚོགས་ཆུང་འགའ་རེས་ཆོས་རྒྱུད་སྤྱི་འཐུས་མི་དགོས་ཞེས་གྲོས་ཆོད་མང་མོས་ཐོག་ནས་འཇོག་འདོད་བྱུང་བའི་ནང་དུ། དགེ་འདུན་པ་གཅིག་གཉིས་ལས་མི་འདུག་ཅེས་གོ་ཐོས་བྱུང༌། དེ་ནི་རྙོག་དྲ་ཞིག་རེད་འདུག་ལ་ཞེན་ཁོག་ཅིག་ཀྱང་རེད་འདུག
དོན་ཚན་བཞི་བ། ཤེས་ཡོན་ཚོགས་ཆུང་ནང་དུ་ས་གནས་ཀྱི་མི་འབོར་ལ་དཔོག་པའི་སྤྱི་འཐུས་དགོས་ཀྱི་ཆོལ་ཁའི་སྤྱི་འཐུས་དགོས་མི་དགོས་ཐད་དུ་བསམ་འཆར་ཤུགས་ཆེན་བྱུང་འདུག དེ་ལ་མདོ་སྟོད་སྨད་གཉིས་ཀྱི་ཚོགས་བཅར་བ་ཚོས་མོས་འཐད་མེད་པའི་ཕྱོགས་བཟུང་སྟེ་མང་མོས་ཐོག་ནས་གཏན་ཁེལ་ཡོད་རེད་ཅེས་གོ་ཐོས་བྱུང༌། དོན་ཚན་འདི་བཞི་ནི་ད་ཐེངས་རྙོག་དྲ་བྱུང་སའམ་གླེང་ལྷོང་ཡོང་སའི་གཞི་རེད་འདུག མ་གཞི་དོན་དག་ཆུང་ཚུགས་རིགས་བརྩད་ནས་དུས་ཚོད་དོན་མེད་འཕྲོ་བརླག་ཏུ་ཕྱིན་པའི་ཚོགས་ཆུང་མང་བ་འདྲ།
སྤྱིར་བཏང་དབུ་མའི་ལམ་དང་རང་བཙན་སྐོར་ལ་ར་མ་འཕྲོད་པའི་དཀའ་ངལ་ཡོད་ལ། ད་ཐེངས་ཀྱང་དོན་མེད་བརྩད་འདུག ཡང་ཚོགས་ཆུང་གཅིག་གི་ནང་དུ་དགུ་བཅུ་གསུམ་གྱི་ཚོགས་གཙོ་དང་ཕྱི་རྒྱལ་ནས་ཡོང་བའི་ཚོགས་སྡེའི་འགན་འཛིན་གཉིས་ཀྱིས་རྩོད་གླེང་གང་མང་བྱུང་འདུག་ལ། སྲང་ལམ་ནས་ཀྱང་དགུ་བཅུ་གསུམ་གྱི་ཚོགས་གཙོ་ལ་ཨུ་ཚུགས་ཆེ་གི་ཞེས་བཤད་བཞིན་པ་ངས་རྣ་བས་ཐོས།
དེའི་རྗེས་གནས་ཚུལ་ཁག་ཅིག་གླེང་རྒྱུའི་སྤོབས་པ་བདག་ལ་མེད་ཀྱང་རྗེས་སུ་བརྒྱུད་ལམ་འདྲ་མིན་ནས་གོ་རྒྱུ་ཡིན་པ་གཏན་ཁེལ་རེད། དེ་ནི་དགོན་སྡེའི་ལས་སྣེ་དང་ཆབ་སྲིད་ཚོགས་པ་ཞིག་གི་རྙོག་གླེང་རེད། གང་ལྟར་ངས་བྲིས་པའི་དོན་ཚན་འདི་དག་ནི་རྩོད་རིན་ཡོད་མེད་དྲ་གྲོགས་ཚོས་ཐག་གཅོད་རྒྱུ་ལས་ཕྲན་ལ་དམིགས་བསལ་གྱིས་བསམ་འཆར་མེད།
ཞོར་ཏུ་གླེང་རྒྱུ་ཞིག་ནི། སྦེལ་ཀོབ་དགོན་གྲོང་གཉིས་ཀྱིས་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་གསར་འགོད་པ་དང་ཚོགས་པ་གཞན་མང་བོ་ཞིག་གི་གསར་འགོད་པ་ལ་མཐོང་མ་བཞག་པའམ་དོ་སྣང་མེད་པའི་གནས་ཚུལ་འདུག་ཀྱང་རྗེས་སུ་རྒྱས་པ་ཞིག་འབྲི་འདོད་ཡོད།
Subscribe to:
Post Comments (Atom)
0 བསམ་ཚུལ་འདོན་པ།:
Post a Comment